དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


          2010ལོའི་ཟླ་12པར།ཀྲང་ཏེང་ལིའང་གིས་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་བ།2014ལོའི་ཟླ་6པར་བདེ་ཆེན་ནས་ལས་གནས་སྤར་བ་རེད།

          ཀྲང་ཏེང་ལིའང་གིས་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་བའི་ལོ་4རིང་།འཕེལ་རྒྱས་གཏོང་བའི་དམིགས་འབེན་གསལ་འབེབས་བྱས་པ།2011ལོར།ཁུལ་ཐེངས་བདུན་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐོག་ཁྱིམ་གཞིས་བཞི་འཛུགས་སྐྲུན་བྱེད་རྒྱུའི་བསམ་གཞི་དང་དམིགས་འབེན་བཏོན་ནས།བདེ་ཆེན་གྱི་འཕེལ་རྒྱས་བསམ་གཞི་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ་རེད།

          སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།མཛེས་སྡུག་ལྡན་པའི་བདེ་ཆེན་སྲུང་སྐྱོང་བྱས་པ།2012ལོའི་ཟླ་5པར་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག་》ཡོངས་བསྒྲགས་དང་ལག་བསྟར་བྱས་པ།ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་74%ཟིན་པ་རེད།

          རྒྱུན་མཐུད་ཀྱིས་དཔལ་འབྱོར་སྒྲིག་གཞི་ལེགས་སུ་བཏང་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་།འཇོལ་རྫོང་ནས་འབའ་ལུང་﹙མཐའ་ཆུ﹚བར་གྱི་རིམ་པ་གཉིས་པའི་གཞུང་ལམ།ཡང་ཐང་ཆུ་མཛོད་སོགས་གནད་ཆེའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ།རྒྱལ་ཁབ་ལ་ལེགས་གྲུབ་ངང་སེམས་ཀྱི་ཉི་ཟླ་—ལུའུ་ཀུའུ་མཚེའུ་—ཞི་ཁྲང་གི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་སྙན་སེང་ཞུས་པ།རྒྱུན་མཐུད་ཀྱིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་གོམ་སྟབས་ལེགས་བཅོས་བྱས་པ།གཅིག་ནི་མཐོ་སྒང་ཁྱད་ལྡན་ཐོན་ལས་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་པ།གཉིས་ནི་གློག་གཏེར་མཉམ་སྦྲེས་ཐོན་ལས་ལྡུམ་ཁུལ་དུ་འཇོག་པ་ལྗོང་མདོག་ཏུ་འཕེལ་རྒྱས་གཏོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱུན་འཁྱོངས་བྱས་པ།གསུམ་ནི་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྣ་རིགས་སོ་སོའི་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་སྲིས་ཇུས་དོན་འཁྱོལ་བྱས་པ།

        དམངས་འཚོ་ལེགས་བཅོས་བྱེད་པར་དོ་སྣང་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་བྱུང་བ།དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་དང་།ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ།དགེ་མཚན་སྔར་ལས་ཆེ་བའི་ལས་ཞུགས་སྲིད་ཇུས་དང་།སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་བྱས་པ།སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་ནུས་པ་ཇེ་ཆེར་བཏང་བ།འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་བ། རྒྱང་བསྒྲགས་དང་བརྙན་འཕྲིན།མི་རིགས་ལུས་རྩལ་སོགས་ཀྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་བཏང་བ་རེད།

        བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་།བོད་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གྱི་རང་འགུལ་དབང་ཆ་ནན་པོར་འཛིན་པ།དགོན་སྡེ་ལ་ཁྲིམས་ལྟར་དོ་དམ་དང་།ཤུགས་ཆེན་པོས་འཆམ་མཐུན་དགོན་སྡེ་སྐྲུན་པའི་བྱེད་སྒོ་སྤེལ་བ།ཕྱོགས་ཡོངས་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱབ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་མཐོ་རུ་བཏང་བ།

བདེ་ཆེན་ཀྱི་ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱབ་ནས་ཏང་གིས་བོད་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་བརྟན་པོ་འདིང་བ། “གསར་གཏོད་ཡར་བརྩོན་”གྱི་བྱེད་སྒོ་ལེགས་པར་བསྡུས་པ་དང་།གཏིང་ཟབ་ཀྱིས་ཚོགས་སྤྱི་བཞིའི་སློབ་གསོ་དང་།ལས་བྱེད་པ་སྟོང་ཕྲག་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བསྡུས་པ་རེད།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་རྗེས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་ལ་སྔར་ལས་མང་བའི་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཡོད་ལ།སྐབས་གསར་པའི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འབད་བརྩོན་བྱས་པ་བརྒྱུད།བདེ་ཆེན་འདི་ཉིད་སྔར་ལས་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་ཡོད།སྙིང་ཐག་པ་ནས་བདེ་ཆེན་གྱི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ་ཞེས་གསུངས་བྱུང་།