གད་སྙིགས་རིགས་དབྱེ་ནས་ཐག་གཅོད་བྱས་པར་རྫ་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-25   རྩོམ་ཁུངས།    ཞིན་ཧྭ་དྲ་བ།


འདི་ནི་ཟླ9བའི་ཚེས24ཉིན་རྫ་སྟོད་རྫོང་གི་གད་སྙིགས་རིགས་འབྱེད་ས་ཚིགས་སུ་ཁོར་ཡུག་གཙང་སྦྲ་མི་སྣས་གད་སྙིགས་རྩིས་ལེན་བྱེད་བཞིན་པའི་ཚུལ་རེད། 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྫ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ས་ཁུལ་དུ་ཆགས་ཡོད་ཅིང་།“རྫ་ཆུའི་རྫོང་དང་པོ”ཞེས་པའི་མཚན་སྙན་ཡང་ཡོད།ཉེ་བའི་ལོ་འགའི་རིང་ལ།རྫ་སྟོད་རྫོང་གིས་སྐྱེ་ཁམས་ཁོར་ཡུག་བྱ་བར་སྐུལ་འདེད་བཏང་སྟེ།རྫོང་མཁར་དང་འབྲོག་ཁུལ་དུ་གད་སྙིགས་རིགས་འབྱེད་ཚུར་སྡུད་ལས་དོན་སྤེལ་ནས།“ཁྱིམ་ཚང་གིས་རིགས་འབྱེད་པ་དང་།སྡེ་བས་འཚོལ་སྡུད་བྱེད་པ།ཤང་གིས་སྐྱེལ་འདྲེན་བྱས་ཏེ།རྫོང་གིས་ཐག་གཅོད་པའི”འབྲོག་ཁུལ་གྱི་གད་སྙིགས་ཐག་གཅོད་ལམ་ལུགས་གསར་བ་ལྟར།ཁོར་ཡུག་གཙང་བཟོ་དང་ལེགས་བཅོས་བྱས་ཏེ།ཐོན་ཁུངས་ཀྱི་བེད་སྤྱོད་ལས་སྣོན་བྱ་བར་ཤུགས་བསྣན་ནས།གད་སྙིགས་ཕྱོགས་བསྡུས་ཐག་གཅོད་ནུས་ཤུགས་མཐོར་འདེགས་བྱས།།


འདི་ནི་ཟླ9བའི་ཚེས24ཉིན་རྫ་སྟོད་རྫོང་གི་གད་སྙིགས་རིགས་འབྱེད་ས་ཚིགས་སུ་ཁོར་ཡུག་གཙང་སྦྲ་མི་སྣས་གད་སྙིགས་ཐག་གཅོད་བྱེད་བཞིན་པའི་ཚུལ་རེད། 


འདི་ནི་ཟླ9བའི་ཚེས24ཉིན་རྫ་སྟོད་རྫོང་གི་གད་སྙིགས་རིགས་འབྱེད་ས་ཚིགས་སུ་ཁོར་ཡུག་གཙང་སྦྲ་མི་སྣས་གད་སྙིགས་སྐྱེལ་འདྲེན་བྱེད་བཞིན་པའི་ཚུལ་རེད། 


འདི་ནི་ཟླ9བའི་ཚེས24ཉིན་རྫ་སྟོད་རྫོང་གི་གད་སྙིགས་རིགས་འབྱེད་ས་ཚིགས་སུ་ཁོར་ཡུག་གཙང་སྦྲ་མི་སྣས་གད་སྙིགས་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད།