ཕོ་བྲང་རྒྱལ་མཁར་རྩེ།

རྩོམ་པ་པོ།   ཚེ།  ཡིག་བསྒྱུར།       དུས་ཚོད།   2017-09-28   རྩོམ་ཁུངས།   

            

         ཕོ་བྲང་རྒྱལ་མཁར་རྩེ་ནི།  བོད་ལྗོངས་གཞིས་རྩེ་ཀྲོན་ཆུས་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4020ཡོད་ཅིང་།བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི125ཡོད།  བོད་ལྗོངས་སྲིད་གཞུང་རྙིང་པའི་རྒྱལ་རྩེ་ས་ཁུལ་གྱི་སྲིད་འཛིན་གནས་ས་ཡིན།དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་༡༣༦༤ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་པོ་བརྩིགས་པའི་ནང་གི་གཅིག་ཡིན།  འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ།དེ་བཞིན་བོད་ཤིང་འབྲུག་སྤྱི་ལོ་༡༩༠༤ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན།        ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་དབྱིན་ཇི་བཙན་འཛུལ་པར་རྒོལ་རྡུང་ཚ་ནན་སྤྲད་དེ་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ནང་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད།