སྨྱན་སྦྱོར23གྱི་གསར་འགོད་པ་བདེ་ཆེན་དུ་འཛོམས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ་10པའི་ཚེས་10ཉིན།“ཀྲུང་གོར་སེམས་འགུལ་ཐེབས་པ—ཀྲུང་གོའི་གསར་འགོད་པའི་མིག་ནང་གི་ཡུན་ནན་གྱི་གནས་སྤོས་ཡུལ་མིའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་—འབྱོར་འབྲིང་གྱི་ཆུ་མཛོད་ཁུལ’གྱི་བདེ་ཆེན་བོད་རིགས་ས་ཁུལ་དུ་སྐྱོད་པ”ཞེས་པའི་སྨྱན་སྦྱོར་ཐུག་འཕྲད་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་།དེས་བཅར་འདྲིའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པར་མཚོན་ཡོད། དེ་རྗེས་ཀྱི་ཉིན་གཉིས་ནང་དུ། ཀྲུང་དབྱང་དང་།ཞིང་ཆེན་དང་ཁུལ་དང་གྲོང་ཁྱེར་བཅས་ནས་ཡོང་བའི་སྨྱན་སྦྱོར་22ཀྱིས་གསར་འགྱུར་བས་ཡང་ཐང་ཆུ་མཛོད་ཁུལ་དང་ཝུའུ་ནུང་ལུང་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་ཆུ་མཛོད་ཁུལ། ལི་ཏེ་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་ཀུའུ་པུའུ་གནས་སྤོས་ཡུལ་མིའི་བཀོད་སྒྲིག་བྱེད་ཡུལ་དང་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན།གནས་སྤོས་ཡུལ་མིའི་འཚོ་བའི་གནས་ཚུལ་བཅས་ལ་ཤེས་རྟོགས་བྱས་ཤིང་། ཁུལ་དེའི་རྫོང་(གྲོང་ཁྱེར) ཁག་གི་གནས་སྤོའི་ལས་དོན་གྱི་ཁྱད་ཆོས་དང་། བདེ་ཆེན་ཆུ་གློག་ཆུ་བེད་ལས་གྲྭའི་རྣམ་གྲངས་ཀྱིས་ས་གནས་རང་གི་སྤྱི་ཚོགས་ཡར་ཐོན་དང་དཔལ་འབྱོར་གོང་འཕེལ་དང་དབུལ་སྐྱོར་དཀའ་སེལ་སོགས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཕྱིར་མཚོན་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན།“ལོ་ལྔ་ཚན་བཅུ་གཉིས་པའི་”ཚུན་ལ།རིམ་བསགས་ཀྱིས་རྩིས་ན།གནས་སྤོས་ཡུལ་མིའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་32.5བཏང་ཡོད།དེའི་ནང་ལས།གནས་སྤོས་ཡུལ་མིའི་བཀོད་སྒྲིག་ཐད་ལ་མ་དངུལ་སྒོར་དུང་ཕྱུར་0.9བཏང་ཡོད་པ་དང་།དུས་སྐབས་རྗེས་མའི་རོགས་སྐྱོར་རྣམ་གྲངས་ཁག་154ལག་བསྟར་བྱས་ཡོད་པས།ཆུ་མཛོད་ཆེ་འབྲིང་ཆུང་གསུམ་ཁག་གི་གནས་སྤོས་ཡུལ་མི་ཁྲི་3.5ལ་ཐད་ཀར་ཁེ་ཕན་ཐོབ་ཡོད་པ་དང་།མི་གྲངས་ཁྲི་11ལ་ཞོར་དུ་ཁེ་ཕན་ཐོབ་ཡོད།གནས་སྤོས་ཡུལ་མིའི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་ཇེ་ལེགས་སུ་བཏང་ཡོད་པ་དང་འབབ་འཕར་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་བཏང་ཡོད།