རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ་10ཚེས་10ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་དེ་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་དུ་འཚོགས་པ་རེད།ཚོགས་འདུ་དེ་བརྙན་ལམ་བརྒྱུད་འཚོགས་ཤིང་། རྫོང་(གྲོང་ཁྱེར)དང་ ཆུས་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

     ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

    ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས།ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་བཅས་ཀྱི་ཐིང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གིས་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཞིའུ་ལིན་དང་ཞིང་ཨུའི་རྒྱུན་ལས་ཨུ་ཡོན།ཞིང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐའེ་ཡོན།དེ་བཞིན་ཞིང་ཨུའི་རྒྱུན་ལས་ཨུ་ཡོན།ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཉིན་བཅས་ཀྱིས་གནང་བའི་གལ་ཆེའི་བཀའ་མཆན་བརྒྱུད་བསྒྲགས་བྱས།

    ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ནོར་བུ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཆེན་དབྱང་ཙི་ཅང་གིས་ཁུལ་ཨུ་དང་ཁུལ་་མི་དམངས་སྲིད་གཞུང་གི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བརྡ་ཁྱབ་ཐོག་ནས་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་》སྒྲོག་སྦྱངས་བྱས་ཤིང་། ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་གསར་འགྱུར་ཅུས་དང་། ཁུལ་སྣེ་ལེན་ས་ཚིགས། བདེ་ཆེན་ཉིན་རེའི་ཚགས་པར་ཁང་།སེམས་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་སྡེ་ཚན་བཅས་27ལ་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་དང་།ཐང་ཧྭ་ལིན་དང་ཨན་ལི་ཡུན་སོགས་མི་174ལ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།

    ཁུལ་ཨུའི་པུའུ་ཨུ་ཁག་དང་། ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་དང་གཞུང་ལས་ཁང་དང་། ཁུལ་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཨུ་ལྷན་དང་གཞུང་ལས་ཁང་དང་ཅུས་ཁག་དང་། མི་དམངས་ཚོགས་པ་ཁག་དང་ཁུལ་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་སྡེ་ཚན་ཁག་དང་། ཞིང་ཆེན་ཁོངས་གཏོགས་ཁུལ་དུ་བཅའ་སྡོད་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་དང་། ཁུལ་སྟོན་གཞུང་ལས་ཁང་གི་ལས་བྱེད་མི་སྣ་ཡོངས་དང་། དང་བླངས་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད།