ཁུན་མིང་ནས་ཟི་ལིང་བར་ཐད་གཏོང་མེ་འཁོར་ཐོག་མར་གཏོང་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-13   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


    ཁུན་མིང་ལྕགས་ལམ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།ལན་ཀྲོའུ་ནས་ཁྲུང་ཆིང་བར་གྱི་ལྕགས་ལམ་ཐོག་མེ་འཁོར་འཁོར་རྒྱུག་བྱེད་པའི་ལམ་རིས་ལེགས་སྒྲིག་བྱས་པའི་རྐྱེན་གྱིས་ཟླ་10ཚེས་11ཉིན་ནས་བཟུང་ཁུན་མིང་ནས་ཁྲུང་ཆིང་བར་གྱི་མེ་འཁོར་གཏོང་ཐེངས་K160དེ་ཟི་ལིང་བར་སྣུར་སྲིང་བྱས་པ་དང་མེ་འཁོར་གཏོང་ཐེངས་K986ལ་བསྒྱུར་ཡོད།དེ་ནི་ཡུན་ནན་ནས་མཚོ་སྔོན་བར་ཐོག་མར་བཏང་བའི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དབར་གྱི་ཐད་གཏོང་སླེབས་པའི་མེ་འཁོར་དེ་ཡིན།གཞན་ཡང་ཟླ་10ཚེས་12ཉིན་ནས་བཟུང་ཁུན་མིང་ནས་ཝུའུ་ལུའུ་མུའུ་ཆི་བར་གྱི་མེ་འཁོར་གྱི་འཁོར་སྐྱོད་དུས་ཚོད་ཆུ་ཚོད་11ཙམ་ཐུང་དུ་འགྲོ་རྒྱུ་རེད།

     ད་ཐེངས་ལམ་རིས་ལེགས་སྒྲིག་བྱས་རྗེས་ཁུན་མིང་ནས་ཟི་ལིང་བར་གྱི་མེ་འཁོར་གཏོང་ཐེངས་K986དེ་ཁྲེང་ཏུའུ་ནས་ཁུན་མིང་དང་།པའོ་ཅི་ནས་ཁྲེང་ཏུའུ།ལན་ཀྲོའུ་ནས་ཁྲུང་ཆིང་།ལན་ཀྲོའུ་ནས་མཚོ་སྔོན་བཅས་བར་གྱི་ལམ་ཐིག་བརྒྱུད་དགོས་པས་ཆུ་ཚོད་35དང་སྐར་མ་54ཙམ་ལ་ཁུན་མིང་ནས་ཟི་ལིང་དུ་འབྱོར་གྱི་ཡོད་པ་དང་ཁུན་མིང་ནས་ཝུའུ་ལུའུ་མུའུ་ཆི་བར་གྱི་མེ་འཁོར་གཏོང་ཐེངས་K1502དེ་ཁུན་མིང་ནས་ལན་ཀྲོའུ་བར་བསྐྱོད་དེ་དེ་སྔའི་ཁྲེང་ཏུའུ་དང་ཁུན་མིང་དང་།པའོ་ཅི་དང་ཁྲེང་ཏུའུ་ཡི་ལམ་ཐིག་ནས་ཧྲང་ཧའེ་ནས་ཁུན་མིང་དང་།སི་ཁྲོན་ནས་ཀུའེ་ཀྲོའུ།ལན་ཀྲོའུ་ནས་ཁྲུང་ཆིང་བཅས་ཀྱི་ལམ་ཐིག་བར་འགྱུར་ལྡོག་བཏང་བ་དང་ཁུན་མིང་ནས་ཝུའུ་ལུའུ་མུའུ་ཆི་བར་དེ་སྔ་ཆུ་ཚོད་64དང་སྐར་མ་36འགོར་བ་ནས་ད་ཆ་ཆུ་ཚོད་53དང་སྐར་མ་50ཙམ་བར་ཐུང་དུ་སོང་སྟེ་ལམ་བར་དུས་ཚོད་ཆུ་ཚོད་11ཙམ་ཐུང་དུ་ཕྱིན་པས་ཡུལ་སྐོར་བ་ཡུན་ནན་ནས་འགྲོ་འོང་བྱེད་པར་དེ་བས་སྟབས་བདེ་བསྐྲུན་པ་རེད།