བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རི་ཀླུང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་་དྲ་བ།

    ནན་ཅེ་ལུའོ། 

    ནན་ཅེ་ལུའོ་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་འབའ་སྡེ་ཤང་དུ་ཆགས་ཡོད།ལི་སུའུ་སྐད་དུ་ནོར་ལུག་གི་ཆུ་འཐུང་ས་ཟེར་བ་རེད།ནན་ཅེ་ལུའོ་ཡི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིན་3900ཟིན།གཙོ་རྩེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིན་4600ཟིན་པ་རེད།

    ནན་ཅེ་ལུའོ་རུ་འབབ་པའི་རྦབ་ཆུ།






    ནན་ཅེ་ལུའོ་རུ་ཆགས་པའི་མཚེའུ།





    ནན་ཅེ་ལུའོ་རུ་བཞད་པའི་མེ་ཏོག་སྣ་ཚོགས།




    ད་ལྟར་ལྗོངས་ཁུལ་དེ་གསར་གཏོད་བྱེད་མེད་པས།ཡུལ་སྐོར་བ་དེར་སོང་ན་གྱོན་གོས་དྲོན་པོ་དང་དབྱང་དབུགས་དམ་བི།བཟའ་ཆས་བཅས་གྲ་སྒྲིག་བྱེད་དགོས།

    ཉི་ཤར་ཐང་སྨད་ཡུལ་སྐོར་རིག་གནས་རི་གྲོང་།


      ཉི་ཤར་ཐང་སྨད་ཡུལ་སྐོར་རིག་གནས་རི་གྲོང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་སྡེར་ཆགས་པ།རི་ལ་བརྟེན་ནས་འཛུགས་པ་དང་ས་ཁྱོན་མུའུ་70ལྷག་ཡོད།དེ་ལ་ཐུན་མོང་མ་ཡིན་པའི་ཞིང་གྲོང་གི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་སོགས་ཡོད་དེ།གྲོང་ཁྱེར་སྡོད་དམངས་དང་ཡུལ་སྐོར་བའི་སྤྲོ་གསེང་བྱེད་སའི་འགྲོ་ས་བཟང་བོ་ཞིག་ཏུ་གྱུར་ཡོད།


      རི་གྲོང་གིས་འདེབས་འཛུགས་བྱས་པའི་མུའུ་20ལྷག་གི་ཀུ་ཤུ།ཡུལ་སྐོར་བས་འཐུ་ཞིང་ཉོ་ཐུབ་པ།ན་ནིང་ནས་ཧྲན་ཧའེ་ཚོང་དཔོན་གྱིས་སྔོན་བཀོད་བྱས་ཡོད།

    མཛེས་སྡུག་ལྡན་པའི་ཀླུ་ཆུ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཅིན་ཅང་གྲོང་རྡལ་ཝ་གྲོང་ཀླུ་ཆུ་དེ་འབྲི་ཆུའི་ཤར་རྒྱུད་དུ་གནས་ཡོད་པ་དང་།གནའ་སྡོང་ཁྱུ་དང་ཀླུ་ཆུ་ལ་བརྟེན་ནས་མིང་དུ་གྲགས།




 

    དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་ཀླུ་ཆུ་ལ་ཁོང་ལྡན་པའི་དམིགས་བསལ་གྱི་ལྗང་མདོག་བཀླུབས་ཡོད་པ་དང་།ཉི་མའི་འོད་ཟེར་གནའ་བོའི་ཤིང་སྡོང་གི་གསེབ་ཏུ་འཕྲོས་པ་ན།དེ་བས་མཛེས་སྡུག་ལྡན་པས་མི་སེམས་རབ་ཏུ་འགུགས་པར་བྱེད།དྭངས་ཤིང་གསལ་བའི་ཀླུ་ཆུའི་ནང་དུ་བསིལ་ཁང་དང་གནའ་སྡོང་སོགས་ཀྱི་གཟུགས་བརྙན་ཤར་ཡོད་པས།སྒྱུ་རྩལ་པས་པུར་རིས་ལས་ཐོན་པའི་སྣུམ་ཚོན་རི་མོ་སྣང་བཞིན་མཛེས་ཉམས་ལྡན་ལ།མི་རྣམས་ཀྱིས་རང་བྱུང་ཁམས་ལ་སྙིང་ཁོང་རུས་པའི་གཏིང་ནས་བསྟོད་བསྔགས་འབུལ།



 

    གནས་དེ་གའི་མང་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན་ཀླུ་ཆུའི་མཐའ་འཁོར་དུ་རྩ་ཆེ་བའི་གནའ་སྡོང་227ཡོད་པ་དང་གནའ་སྡོང་དེ་དག་གི་ཆ་སྙོམས་ལོ་ཚད་ནི་ལོ་275ཡིན་པ་རེད།