བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལ་བལྟས་པ།

རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཟླ་10པའི་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་།བདེ་ཆེན་ཁུལ་ཡོངས་ཀྱི་ལས་རིགས་ཁག་གི་ལས་བྱེད་མི་སྣ་དང་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་མཛད་སྒོ་ལ་བལྟས་པ་རེད།




གསར་སྤེལ་ཆུས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པའི་རྒྱལ་ཡོངས་དང་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཐིང་ཀྲང་གཞོན་པ།ཞིང་ཨུའི་ཆོས་ལོག་གི་གནད་དོན་དོགས་ཟོན་དང་ཐག་གཅོད་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཧོང་ཀྲེང་ཧུང་གིས་རང་ཁུལ་གྱི་འགོ་ཁྲིད་རྣམས་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐད་གཏོང་ལྟ་བཞིན་པ།








བདེ་ཆེན་ཁུལ་གྱིས་གཅིག་གྱུར་གྱིས་ཁུལ་ཐད་གཏོགས་སྡེ་ཚན་ཁག་རྩ་འཛུགས་བྱས་ནས་ཁུལ་ཨུའི་སྙན་ཞུ་ཁང་དུ་བློ་མཐུན་ཞིས་ཅིན་ཕིང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འཚབ་བྱས་ནས་གནང་བའི་སྙན་ཞུ་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་པ།ཁྲ་ཀྲུང་ཝང་དང་བཀྲ་ཤིས་དོན་འགྲུབ།ལིའུ་རུང་།དབྱང་ཙི་ཅང་།ཝང་ཧུང་།སུའུ་ཅིན་ཁྲོན།ཕུའུ་ལུའུ་ཧྭ།ཧོ་ལི་ཕིང་།ཧོ་ཡུང་ཀྲུང་།ཨའེ་ཞུའེ་ཧོང་།ཝང་ཁེ་ཧྲི་སོགས་འགོ་ཁྲིད་རྣམས་གཅིག་གྱུར་གྱིས་ཁུལ་ཨུའི་སྙན་ཞུ་ཁང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་འགོ་ཚུགས་མཛད་སྒོར་ལྟ་བ་དང་།ཕྱི་རུ་གཞུང་དོན་སྒྲུབ་བཞིན་པའི་ཐིང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་རྣམས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འགོ་ཚུགས་མཛད་སྒོ་ལྟ་བ་དང་སློབ་སྦྱོང་བྱས་པ་རེད།  







 ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་པུའུ་དང་པོའི་བཀོད་བདམས་པུའུ་ཡི་ལས་བྱེད་མི་སྣས་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལྟ་བཞིན་པ།




ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ཀྲུང་གོའི་ལྕགས་ལམ་ཅུས་གཉིས་པའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལྟ་བཞིན་པ།













སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་རིགས་ཁག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཚོགས་ཆེན་བཅུ་དགུ་པ་ལྟ་བཞིན་པ།

















འཇོལ་རྫོང་གི་ལས་རིགས་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་མཛད་སྒོར་ལྟ་བཞིན་པ།  











 

འབའ་ལུང་རྫོང་གི་ལས་རིགས་ཁག་གི་ལས་བྱེད་པ་དང་དྲག་པོའི་ཉེན་རྟོག་དཔོན་དམགམང་ཚོགས་རྣམས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལྟ་བཞིན་པ།








གསར་སྤེལ་ཆུས་ཀྱི་ལས་རིགས་ཁག་གི་ལས་བྱེད་པ་དང་མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལྟ་བཞིན་པ།



ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་།ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན།ཁུལ་ནང་བསྟན་མཐུན་ཚོགས་བཅས་ཀྱིས་མངའ་ཁོངས་ཕྱིའི་རྒྱལ་ནང་དུ་ལོག་པའི་འཚམས་འདྲི་བྱེད་མཁན་བོད་རིགས་སྤུན་ཟླ་58རྩ་འཛུགས་བྱས་ནས་གསར་སྤེལ་ཆུས་གངས་ལྗོངས་སྣང་བརྙན་འབྲི་ཆུའི་མགྲོན་ཁང་ཆེན་པོ་རུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལྟ་བཞིན་པ།



བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ཏང་ཡོན་དང་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་བརྙན་འཕྲིན་ལྟ་བཞིན་པ།

  


 

བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་དབུལ་སྐྱོར་ས་ཚིགས་སུ་ཞིབ་འཇུག་བྱེད་པའི་ལས་བྱེད་པས་ལ་ཀ་ལུའོ་ཡུལ་མི་ཚོ་ཆུང་གི་ཏང་ཡོན་དང་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་ཐད་གཏོང་ལྟ་བཞིན་པ།