ཞི་ཅིན་ཕིང་གིས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་བ་བྱུང་ཡོད་ཅེས་བསྟན་གནང་མཛད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


   ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འགོ་ཚུགས་པའི་ཚོགས་འདུ་དེ་ཟླ་10པའི་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00ཡི་སྟེང་དུ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་འཚོགས།

   ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་ལ་སྙན་སྒྲོན་གནང་བ་རེད།
   ཞི་ཅིན་ཕིང་གིས་སྙན་ཞུའི་ནང་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དུས་སྐབས་གསར་པར་སླེབས་ཡོད་ཅིང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མཉམ་མིན་ཞིང་འཐུས་ཚང་མིན་པའི་དབར་གྱི་འགལ་ཟླར་འགྱུར་བ་བྱུང་ཡོད་པ་བསྟན་གནང་མཛད།

ངེས་པར་དུ་ངོས་ཟིན་ཐོབ་དགོས་པ་ཞིག་ལ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ནི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀར་བླང་བྱ་གསར་པ་མང་པོ་བཏོན་ཡོད་པས། ང་ཚོས་མུ་མཐུད་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་སྟེང་། ནུས་ཤུགས་གང་ཡོད་ཀྱིས་འཕེལ་རྒྱས་དོ་མི་མཉམ་པ་དང་འཐུས་ཚང་མིན་པའི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་པ་དང་། ནུས་    ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་སོགས་ཀྱི་ཐད་དུ་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་དགོས་མཁོ་སྐོང་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་སྒོ་ཀུན་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།

ངེས་པར་དུ་ངོས་ཟིན་ཐོབ་དགོས་པ་ཞིག་ལ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་དེས་ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་ཀྱི་དུས་རིམ་ལ་བརྡར་ཤ་བཅད་པར་འགྱུར་ལྡོག་བཏང་མེད་པ་དང་། རང་རྒྱལ་ནི་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་ཅིང་ད་དུང་ཡུན་རིང་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བཏང་མེད་པ་དང་། རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལའང་འགྱུར་ལྡོག་བཏང་མེད་དོ།།