རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-02   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
སྦྲང་རྩིའི་སྙིང་བཅུད།
སྦྲང་རྩིའི་སྙིང་བཅུད་ཀྱི་འཐུང་བྱའི་ནང་སྐུལ་རྒྱུའི་དངོས་རྫས་འདུས་ཡོད་པས། བུ་སྣོད་ལ་ཤུགས་རྐྱེན་ཐེབས་པ་དང་། དུ་དུང་ཕྲུ་གུའི་ལུས་པོའི་ནང་སྐུལ་རྒྱུ་མཐོ་རུ་ཕྱིན་ནས་མངལ་ཆགས་ཕྲུ་གུ་ཆེ་རུ་ཕྱིན་ཏེ་བཙའ་སྐབས་ན་ཟུག་ཤུགས་ཆེན་གཏོང་གི་ཡོད།
དཀར་པོ་ཆིག་ཐུབ།
དཀར་པོ་ཆིག་ཐུབ་ལ“རྡོག་སྒྲིལ་འགོག་ནུས”ལྡན་པས་ཕྲུ་གུ་བཙའ་སྐབས་བཟས་ན་ཕྲུ་གུ་བཙས་རྗེས་ཁྲག་ཕོན་ཆེན་དོན་གྱི་ཡོད་པ་དང་། དཀར་པོ་ཆིག་ཐུབ་ཀྱི་ཚ་གཤིས་ནུས་པས་མངལ་ལ་གནོད་ཀྱི་ཡོད་པས་ཡིད་གཟབ་བྱེད་དགོས།
ཤིང་འབྲས་འབྲུག་མིག
ཤིང་འབྲས་འབྲུག་མིག་ཡང་ཚ་གཤིས་ཟས་རིགས་ཡིན་པས་མང་པོ་བཟས་ན་སྦྲུམ་མའི་གྲོད་པར་ན་ཟུག་གཏོང་བ་སོགས་ཀྱི་སྐྱེ་ཤོར་ནད་རྟགས་སྔ་ལྟས་སྟོན་གྱི་ཡོད།
གྲོ་མྱུག
ཀྲུང་ལུགས་སྨན་པས་ར་སྤྲོད་བྱས་དོན། མངལ་འཁོར་བའི་རིང་གྲོ་མྱུག་མང་པོ་ཟ་མི་ཉན་ཞིང་། དེར་སྐྱེད་འདེད་ཀྱི་ནུས་པ་ལྡན་ཡོད།