2017ལོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་དུས་ཆེན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-03   རྩོམ་ཁུངས།    ཁམས་པའི་དྲ་བ།


    2017ལོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་དུས་ཆེན་དེ་སྤྱི་ཟླ10པའི་ཚེས2ཉིན་གྱི་ཕྱི་དྲོར་དར་མདོའི་མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་དུ་སྤེལ་མགོ་བརྩམས་པ་རེད།རྒྱལ་སྟོན་དུས་ཆེན་དང་བསྟུན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་རོལ་དབྱངས་དུས་ཆེན་འདི་ཚེས2ནས་ཚེས3ཉིན་གྱི་བར་སྤེལ་རྒྱུ་ཡིན་པ་རེད། 






    སྐད་གྲགས་ཅན་གྱི་གླུ་མ་ཚེ་བརྟན་སྒྲོལ་མ་དང་། བོད་ཀྱི་མིང་དུ་གྲགས་པའི་གླུ་པ་གཡུང་དྲུང་རྒྱལ། གདུགས་དཀར་ཡག ཚེ་དབང་ལྷ་མོ། ཟླ་བ་སྒྲོལ་མ། བསོད་ནམས་མགོན་པོ། དཔལ་ཡུལ་བཀྲ་ཤིས། བསོད་ནམས་དར་རྒྱས། བུད་མེད་སྐད་གདངས་འབྲིང་པོའི་ཚན་སྡེབ་བཅས་གདན་ཞུ་ལྟར་རོལ་དབྱངས་དུས་ཆེན་འདིའི་ཐོག་འདུ་འཛོམས་བྱས་པ་དང་ཆབས་ཅིག དར་མདོའི་མཛའ་གཞས་ཀྱི་སྒྲ་གདངས་རྒྱུད་འཛིན་པ་མའོ་ཡིའུ་ཀང་དང་བྱིས་པའི་སྐད་གདངས་ཀྱི་འཐུས་ཚབ་པ་བསྟན་འཛིན་རྡོ་རྗེ་སོགས་རྒྱལ་ཁབ་ཕྱི་ནང་ན་མིང་དུ་གྲགས་པའི་གླུ་པ་གླུ་མ་སྐོར་ཞིག་ཞུགས་ཡོད་པ་རེད།