བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ནེ་པ་ལའི་དངོས་མང་སྟོན་ཚོགས་སུ་ཞུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན།ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་དྲུང་ཡིག་ཁྲུའུ་ཡིས་གཙོ་གཉེར་བྱས་པ་དང་།ཡུན་ནན་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལས་དོན་ཅུས་དང་ནེ་ཀྲུང་དཔལ་འབྱོར་ཉོ་ཚོང་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་སྒྲུབ་འགན་ཁུར་བའི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་དེ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་འགོ་ཚུགས་པ་རེད།






འགྲེམས་སྟོན་ནང་ཞུགས་པའི་བརྗོད་བྱ་གཙོ་བོའི་ཁུལ་ཡིན་པའི་ཆ་ནསབདེ་ཆེན་སེམས་ཀྱི་ཉི་ཟླའི་བཻ་ཌཱུར་སྔོན་པོའི་བོད་རིག་གནས་གསར་སྤེལ་ཚད་ཡོད་ཀུང་སི་དང་།སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ཉི་ཤར་རྫ་ནག་འགན་འཁྲི་ཚད་བཀག་ཀུང་སི།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁང་ཡུས་ལག་ཤེས་བཟོ་རྩལ་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁེ་ལས་9འགྲེམས་སྟོན་བྱས་པའི་རྫ་ནག་དང་ཤིང་ཕོར།བོད་སྤོས།རི་སྐྱེས་ཤ་མོ།ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ལ་ཤིན་ཏུ་དགའ་བསུ་ཐོབ་པ་དང་ཉོ་མཁན་མང་པོ་ཡོད་པ་རེད།






བར་སྐབས་སུ།བད་ཆེན་ཁུལ་གྱིས་ཡུལ་སྐོར་འོས་སྦྱོར་དང་མི་རིགས་གླུ་གར་འཁྲབ་སྟོན་སོགས་བྱས་པ་རེད

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་འགྲེམས་ཚོགས་ཀྱི་འགྲེམས་ཁུལརྒྱ་ཁྱོན་ལ་སྨི་གྲུ་བཞི་མ་3300དང་འགྲེམས་གནས་ཁྱོན་150ཡོད་པ་རེད