ནུབ་ཕྱོགས་བདེ་ལྡན་གྱི་མཚོ་སྟེ་དཔའ་ཤོད་ཀྱི་ར་འོག་མཚོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-15   རྩོམ་ཁུངས།    ཁམས་པའི་གསར་འགྱུར་དྲ་བ།


    བོད་ལྗོངས་ཤར་ཁུལ་གྱི་ས་མཐོའི་འཁྱགས་རོམ་མཚོ་མོ་ཆེ་ཤོས་ར་འོག་མཚོ་ནི་བོད་ལྗོངས་ཆབ་མདོ་དཔའ་ཤོད་རྫོང་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3850ཡི་གནས་སུ་ཡོད་ཅིང་།རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ22ཡོད།དེ་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མཁར་གྱི་ལྷོ་ནུབ་ཕྱོགས་ཀྱི89kmཡི་ཁྲོན་བོད་གཞུང་ལམ་འགྲམ་དུ་ཆགས་ཡོད་ཅིང་།ཡར་ཀླུང་གཙང་པོའི་ཡན་ལག་ཆུ་བོ་བ་ལུང་གཙང་པོའི་འབྱུང་ཁུངས་རེད།


    ར་འོག་མཚོའི་མཐའ་འཁོར་གྱི་རི་སྟེང་དུ་རིམ་བརྩེགས་སྒང་གཤོང་དུ་ཆགས་པའི་གངས་རིའི་ཁ་བ་ལོ་འཁོར་མོར་མི་ཞུ་བ་དང་།ར་འོག་ཤང་གི་ས་མཚམས་སུ་གྱུར་ཏེ་སྤོ་བོའི་ཕྱོགས་སུ་ནི་ར་འོག་སྨད་ཡིན་པ་དང་།རྫ་ཡུལ་གྱི་ཕྱོགས་སུ་ནི་ར་འོག་སྟོད་རེད།    




མཚོ་འགྲམ་གྱི་ལྷོ་ནུབ་ཕྱོགས་སུ་གངས་རི་དཀར་པོ་ཡོད་པ་དང་།ལྷོ་ཕྱོགས་སུ་ཨ་གྲགས་གངས་ལྷ་ཡོད་ཅིང་།བྱང་ཤར་ཕྱོགས་ལ་སྤོ་སུམ་ལྷ་གླིང་ཡོད་པ་རེད།ཕྱོགས་བཞིའི་གངས་རིའི་ཁ་བ་བཞུས་པ་ལས་ར་འོག་མཚོར་ཆུ་གསབ་ནས་མཚོ་ཆུ་ནུབ་ཕྱོགས་སུ་འབབ་ཅིང་ཡར་ཀླུང་གཙང་པོའི་ཡན་ལག་ཆུ་བོ་བ་ལུང་གཙང་པོའི་འབྱུང་ཁུངས་གཙོ་བོར་གྱུར་ཡོད་པ་རེད།

༼ཁམས་པའི་འཛུམ་རིས2017ལོའི་དེབ3པ་ལས་དྲངས།བདེ་ཆེན་གྱིས་བསྒྲིགས།༽