བདེ་ཆེན་དང་ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཀུང་སིས་བདེ་ཆེན་གྱི་མཁའ་འགྲུལ་ཚོང་ར་རྒྱ་བསྐྱེད་པའི་གྲོལ་མོལ་བྱས།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-11-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཟླ11པའི་ཚེས13ཉིན།  རང་ཁུལ་དང་ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཀུང་སིས་བཞུགས་མོལ་འཚོགས་འདུ་བསྡུས་ནས།  ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་དང་ས་གནས་ཀྱི་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ་བདེ་ཆེན་གྱི་མཁའ་འགྲུལ་ཚོང་ར་རྒྱ་བསྐྱེད་པའི་ཕྱོགས་ནས་འབྲེལ་འདྲིས་གནང་།
   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་འབྲེལ་ཡོད་མི་སྣ་སྣེ་ཁྲིད་བྱས་ཡོད་ཅིང་། ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཀུང་སིའི་སྤྱི་གཉེར་བ་ཀྲང་ཡུའེ་དང་ཏང་ཨུའི་ཧྲུའི་ཅི་ཞུས་ཧའེ་ཧྭ་སོགས་ཚོགས་འདུར་ཞུགས་ཡོད།
   རྒྱུས་ལོན་པ་ལྟར་ན།ད་ལོའི་ཟླ1པོ་ནས10བའི་བར།རང་ཁུལ་དུ་ཁྱོན་བསྡོམས་གནམ་གྲུ་ཐེངས5634འཕུར་འབབ་དང་མི་ཐེངས501233སྐྱེལ་ལེན་བྱས་ཡོད།