སྲིད་གྲོས་གྲོས་གཞིའི་གསོ་སྦྱོང་འཛིན་གྲྭ་ནན་ཉིང་ནས་མཇུག་བསྡུས་པ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-11-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     དུས་ཡུན་ཉིན་བདུན་ཡིན་པའི་སྲིད་གྲོས་གྲོས་གཞིའི་ལས་དོན་དངོས་སྒྲུབ་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ཟླ་11པའི་ཚེས་16 ཉིན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ནས་བདེ་བླག་ངང་མཇུག་བསྡུས་ཤིང་།    བདེ་ཆེན་ཁུལ་གྱི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་མི་སྣ30་ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད་པ་མ་ཟད།  གྲོས་གྲོས་གཞིའི་ལས་དོན་དངོས་སྒྲུབ་ཀྱི་ཆེད་དོན་གསོ་སྦྱོང་དང་ལེན་བྱས་ཏེ་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་གྲོས་གཞིའི་ལས་ཀའི་ནུས་པ་ཇེ་མཐོར་བཏང་ཡོད།  

དེ་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཧྥེང་ཞིས་རུ་ཁག་གི་སྣེ་ཁྲིད་ནས་གསོ་སྦྱོང་ནང་ཞུགས་ཡོད།  


 


 


 


 

    ཟླ་11 པའི་ཚེས10ཉིན་ནས་ཚེས16ཉིན་བར་གྱི་དུས་ཡུན་ཉིན་བདུན་རིང་གི་གསོ་སྦྱོང་ཁྲོད།   ཚོགས་མི་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་ཀའི་སྲོལ་ཡིགདང་འབྲེལ་ཡོད་ཀྱི་ཆ་ཚང་བའི་ལམ་ལུགས་གསལ་འགྲེལ་བྱས་ནས། དུས་སྐབས་གསར་པའི་ས་གནས་སྲིད་གྲོས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་འགོག་རྐྱེན་དབྱེ་ཞིབ་དང་འཛུགས་སྐྲུན་བྱེད་པའི་ཐབས་ལམ།   ཅི་ལྟར་གྲོས་གཞི་གྲོས་མོལ་དང་ཆེད་དོན་གྲོལ་མོལ།    ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ་སོགས་ཀྱི་རྣམ་པ་མཐའ་གསལ་མཐིལ་རྟོགས་བྱས་ནས།   གྲོས་གཞི་གལ་ཆེན་དང་གཙོ་གནད་ཅན་གྱི་གྲོས་གཞི་ལྟ་སྐུལ་སྤྱི་འདོམས་ཀྱི་རྣམ་པ་ལྟར་ཐག་བཅད་དེ།    གང་ལེགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འགན་ནུས་ཀྱི་བྱེད་ལས་གལ་ཆེན་འདོན་སྤེལ་ཇི་ལྟར་བྱ་རྒྱུ་དང་། གྲོས་གཞི་གྲོས་མོལ་དང་དམངས་གཙོས་ལྟ་སྐུལ་བྱེད་པའི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཉམས་མྱོང་ངོ་སྤྲོད་ཞིབ་ཕྲ་གནང་ཡོད།སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆརཡི་ནང་དོན་གཙོ་བོར་འགྲེལ་བཤད་དང་།  རིགས་ཁོངས་གྲོས་གཞིའི་ལས་དོན་སྒྲུབ་པའི་བྱེད་ཐབས་ཀྱི་འཚོལ་ཞིབ་དང་དེ་ཇི་ལྟར་བྱས་ནས་རིགས་ཁོངས་གྲོས་གཞིའི་ལས་ཀའི་ཁྲོད་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱེད་པ།   ཇི་ལྟར་དམིགས་ཏེ་དུས་སྐབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན། ནམ་རྒྱུན་གྱི་གྲོས་གཞིའི་བསྡུ་ལེན་ལས་དོན་དང་།  གྲོས་གཞིའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ།    ཇི་ལྟར་དྲ་རྒྱའི་ལག་རྩལ་བྱ་ཐབས་ལ་བརྟེན་པ་དང་། གྲོས་གཞི་དང་ལས་དོན་ཡོངས་བསྒྲགས་ཅན་དང་ཆ་འཕྲིན་ཅན། སྤྱི་དམངས་གོ་རིམ་ལྡན་པའི་ངང་ཟབ་ཞུགས་བྱེད་པ་སོགས་ཀྱི་ནང་དོན་11འདུས་ཡོད།   

     ཐེངས་འདིའི་གསོ་སྦྱོང་ལ་སྣ་མང་སློབ་ཁྲིད་བྱེད་སྟངས་སྤྱད་དེ་དགེ་རྒན་གྱིས་སློབ་ཁྲིད་དང་། སྤེལ་རེས་དང་ཞིབ་གྲོས། ལས་ཡུལ་དངོས་ནས་ཁྲིད་སྟོན་གནང་བ།   སློབ་མའི་བསམ་བློ་བཅིངས་འགྲོལ་དང་། གསར་གཏོད་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ། དོན་དངོས་ཐོག་སྲིད་གྲོས་ཨུ་ཡོན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ཡོད།   

  ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་ཚོགས་མི་ལ་ད་དུང་ལེའོ་ཉིང་ཞིང་ཆེན་གྱི་ཧྥུ་ཞིན། སི་ཁྲོན་ནེ་ཅང་།   སྲན་ཞི་ལིན་དབྱི།    ཧོ་པེ་ཞིང་ཆེན་ཀྲང་ཅ་ཁུའོ། ཧྲའན་ཤིས་ཡན་ཨན་སོགས་ས་གནས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་སོགས་ཡོད། ཐེངས་འདིའི་གསོ་སྦྱོང་ནི་རྒྱལ་ཡོངས་རང་བཞིན་གྱི་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་དངོས་སྒྲུབ་ཆེད་དོན་གསོ་སྦྱོང་ཐེངས་ཤིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།