རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-17   རྩོམ་ཁུངས།    མི་དམངས་དྲ་བ།
མི་དམངས་དྲ་བའི་འཕྲིན།བརྗོད་བྱར"སྤུ་ཕྲུག་ལྷ་ཡི་ཕྱག་རྩལ།ཐུགས་སུ་མཛེས་པའི་གྲ་ནང"ཞེས་འབོད་པའི་2017ལོའི་གྲ་ནང་གི་སྣམ་བུའི་རིག་གནས་དུས་ཆེན་དེ་བོད་ལྗོངས་གྲ་ནང་དུ་འགོ་ཚུགས་པ་རེད།རིག་གནས་དུས་ཆེན་གྱི་དུས་ཡུན་ཉིན་4ཡིན་པ་དང་།དེའི་རིང་ལ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་།ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཚོང་རྫས་འགྲེམས་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།