རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-21   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
(1)སྐྱེ་འཕེལ་གཤེར་རྨེན་ནང་གློག་གྱེས་འོད་འཕྲོས་ན་སྐྱེ་འཕེལ་དབང་པོའི་ཕྲ་ཕུང་ནང་གི་རྒྱུན་འཛིན་དངོས་པོར་འགྱུར་ལྡོག་བྱུང་ནས།མངལ་གནས་ཕྲུ་གུ་རྒྱུན་འཛིན་ལྷན་སྐྱེས་རང་བཞིན་གྱི་སྐྱོན་ཅན་ལ་འགྱུར་སྲིད།ལྷན་སྐྱེས་རང་བཞིན་གྱི་སྐྱོན་ཅན་འདི་དག་རྒྱུན་འཛིན་དངོས་པོ་དང་འགྲོགས་ནས་མི་རབས་རྗེས་མར་འགོ་ཉེན་ཆེན་པོ་ཡོད།
(2)སྦྲུམ་མར་གློག་གྱེས་འོད་འཕྲོ་ཕོག་པ་དང་།ལྷག་པར་དུ་མངལ་གནས་ཕྲུ་གུར་ཐད་ཀར་ཕོག་སྐབས་མངལ་གནས་ཕྲུ་གུ་ཕྲ་ཕུང་ཆེ་བའི་ཐོར་ཞིག་ལ་འགྲོ་བའི་དུས་མཚམས་ཡིན་པ་དང་།འོད་འཕྲོར་ཚོར་སྐྱེན་བྱུང་ཚད་དེ་འཚར་ལོངས་བྱུང་ཟིན་པའི་ལུས་ཕུང་ལས་ཆེ་བ་ཡོད་སྟབས་མངལ་གནས་ཕྲུ་གུའི་དབང་རྩར་གནོད་པ་ཆེན་པོ་འབྱུང་ངེས་པ་མ་ཟད།ཐ་ན་འཆི་ཉེན་ཀྱང་ཡོད།རྒྱུ་རྐྱེན་དེའི་དབང་གིས་མངལ་གནས་ཕྲུ་གུ་སྐྱོན་ཅན་དུ་འགྱུར་བའི་རིགས་གཤམ་གསལ་ལྟར་ཏེ།ལུས་ཕུང་འཚར་ལོངས་འགོར་བ་དང་།རིག་སྟོབས་ཞན་པ།མིག་འབྲས་ཆུང་བ་སོགས་ཡིན།དེ་དག་ཁྲོད་ནས་རྒྱུན་དུ་མཐོང་བའི་དབང་རྩའི་མ་ལག་གཞན་དག་དང་མི་གཅིག་པའི་མཚོན་ཚུལ་ནི་མགོ་བོ་ཆུང་བ་དང་ཀླད་ཆུ་འཁྱིལ་བ་སོགས་ཡིན།