བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་འབའ་ལུང་རྫོང་གི་གཞན་ཡུལ་དུ་གནས་སྤོས་བའི་ལས་ཀར་ཞིབ་དཔྱད་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་20ཉིན།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གུའུ་ཁུན་གྱིས་འབའ་ལུང་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གཞན་ཡུལ་དུ་གནས་སྤོས་ལས་ཀར་ཞིབ་དཔྱད་གནང་བ།ཁོང་གིས་ཡུལ་གཞན་དུ་གནས་སྤོས་ཀྱི་དོན་དངོས་གསལ་རྟོགས་བྱེད་དགོས་པ་དང་།དཀའ་སྡུག་ལ་མི་སྐྲག་པ་དང་ངར་བར་མི་འཛིམ་པ།འགན་འཁུར་ཕོད་པའི་ངང་མང་ཚོགས་ཀྱི་གནས་སྤོས་ལས་ཀར་རོགས་རམ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བདེ་ཆེན་ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར།འབའ་ལུང་རྫོང་།འཇོལ་རྫོང་སྲིད་གཞུང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ལྷན་དུ་ཞིབ་དཔྱད་གནང་བར་ཕེབས་ཡོད།