ཝུའུ་ཀྲི་ཅེ་ལ་ཞིང་ཆེན་སྲིད་གཞུང་གི་དམིགས་གསལ་ཞོར་ཕོགས་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-29   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་མི་དམངས་སྲིད་གཞུང་གིས་2017ལོའི་ཡུན་ནན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་ལྡན་པའི་འཇོན་ལྡན་མི་སྣར་གཟེངས་བསྟོད་བྱས་ཤིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཁང་གི་བློ་མཐུན་ཝོའུ་ཀྲུ་ཅཱེ་ལ་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་གནང་བའི་དམིགས་གསལ་རོགས་དངུལ་ཐོབ་པ་རེད། 

        ཝོའུ་ཀྲུ་ཅཱེ། ཕོ། 1971ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ནས་སྐྱེས་ཤིང་། མཐོ་རིམ་ཞིང་ལས་ལག་རྩལ་པ་ཡིན། ལས་གནས་ལ་ཞུགས་ནས་ལོ་སུམ་ཅུའི་རིང་ལ་བརྩོན་སེམས་ལྷོད་མེད་དང་། ཧུར་ཐག་འབད་ཐག གསར་སྐྲུན་གྱི་རང་བཞིན་བཅས་ལྡན་པའི་སྒོ་ནས་ཞིང་ལས་ལག་རྩལ་གྱི་ལས་དོན་དར་སྤེལ་བྱས་ཤིང་། དེ་མིན་ཁོའི་དཀའ་སྤྱད་འབད་བརྩོན་དང་བློ་སྤོབས་ཆེར་སྐྱེད། ཧུར་ཐག་བརྩོན་ཞིབ། སྒེར་མེད་བློས་གཏོང་ཕོད་པའི་བླ་མེད་སྙིང་སྟོབས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ལས་ཕན་འབྲས་མཐོར་འདེགས་དང་། ཞིང་བའི་ཡོང་འབབ་འཕར་སྣོན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཞིང་ལས་ལག་རྩལ་དར་སྤེལ་བཅས་ཀྱི་ཕྱོགས་ལ་འབུར་དུ་ཐོན་པའི་བྱས་རྗེས་བཞག་པ་རེད།  དེར་བརྟེན་ཁོ་ནི་རང་ཁུལ་གྱི་ཞིང་ལས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་བ་དང་ལག་རྩལ་འཇོན་ལྡན་མི་སྣའི་ཚབ་བྱེད་པ་ཡིན་ལ། ལག་རྩལ་འཕེལ་རྒྱས་ཐད་ཀྱི་སྣེ་ཁྲིད་པ་དང་རྐང་འཛིན་པའི་ནུས་པ་ཐོན་ཡོད།

         ལོ་འདི་དག་གི་རིང་ལ། ཁུལ་མི་ཤུགས་ཐོན་ཁོངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱིས་འཇོན་མི་མཛོམ་སའི་ཁུལ་འཛུགས་སྐྲུན་གྱི་འཐབ་ཇུས་དང་ཚན་རིག་དང་མཐུན་པའི་འཇོན་མའི་ལྟ་བ་སྤེལ་བའི་བྱ་བ་རྒྱུན་འཁྱོངས་མཐའ་འཁྱོལ་བྱས་ཤིང་། ཧུར་བརྩོན་གྱིས་རིག་གནས་ལ་བརྩི་འཇོག་དང་འཇོན་ཐང་ལྡན་པའི་མི་སྣར་བརྩི་འཇོག ངལ་རྩོལ་ལ་བརྩི་འཇོག གསར་རྩོམ་གྱི་ཁོར་ཡུག་ལ་བརྩི་འཇོག་བྱེད་དགོས་པ་བཅས་ཀྱི་ལྟ་བ་ཆགས་པར་བྱས་ཤིང་། ཆེད་ལས་ལག་རྩལ་མི་སྣའི་རུ་ཁག་འཛུགས་སྐྲུན་དང་ཆེད་ལས་ལག་རྩལ་མི་སྣའི་ཆེད་མཁས་པའི་དཔུང་ཁག་མུ་མཐུད་དུ་རྒྱ་ཆེ་གོང་འཕེལ་བཏང་བར་ཤུགས་སྣོན་བྱས་པ་རེད། ད་ལྟའི་བར་རང་ཁུལ་ན་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་གནང་བའི་དམིགས་གསལ་རོགས་ཞོར་ཕོགས་མྱོང་བཞིན་པའི་མི་སྣ་བསྡོམས་པས་36ཡོད།