ཡུན་བོད་གཞུང་ལམ་གསར་པ་ལོ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-29   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        ཉེ་དུས་གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།ལོ་གཉིས་ལྷག་ཙམ་ཛ་དྲག་ཨར་ལས་བྱས་པ་བརྒྱུད་ཡུན་བོད་གཞུང་ལམ་གསར་པ(པིང་ཚ་ཚ་གཞུང་ལམ་བོད་ལྗོངས་དུམ་བུ)འདི་ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན།ཡུན་བོད་གཞུང་ལམ་གསར་པ་དེ་བོད་ལྗོངས་ཀྱི་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་ཡུན་བོད་འབྲེལ་མཚམས་ནས་ཡུན་ནན་གྱི་ཡུན་བོད་བགྲོད་ལམ་གསར་པའི་མཐའ་སྣེ་དང་འབྲེལ་ཏེ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་བར་ཡིན་པ་དང་དེ་ཞིང་ཆེན་ལམ་201དང་འབྲེལ་ཡོད།


        གཞུང་ལམ་གྱི་ལམ་ཐག་ཧྲིལ་པོ་ས་བབ་མཐོ་ཚད་སྨི་1700ནས་4700བར་བསྐྲུན་ཡོད་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ་264.3ཡོད་པ་དེ་ཇུས་འགོད་མྱུར་ཚད20km/hབེད་སྤྱད་ནས་རིམ་བཞིའི་གཞུང་ལམ་གྱི་གཞི་གྲངས་ཚད་གཞིར་བྱས་ཏེ་བསྐྲུན་པ་ཞིག་ཡིན་པ་དང་དེར་མ་དངུལ་སྒོར་དུང་ཕྱུར་18.4བཏང་ཡོད་པ་རེད།

        གཞུང་ལམ་གསར་པ་སྐྲུན་ཟིན་པ་དེས་རྫ་ཡུལ་རྫོང་ནས་ཚ་བ་རོང་ཤང་བར་དེ་སྔའི་ཆུ་ཚོད་13ནས་ཆུ་ཚོད་8བར་ཐུང་དུ་སོང་བ་དང་གཞུང་ལམ་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དེས་ཀྱང་འགྲོ་སྐྱོད་ཀྱི་བདེ་འཇགས་ལེགས་སུ་ཤུགས་ཆེན་འགྲོ་རྒྱུ་རེད།

        “གཞུང་ལམ་དེ་ས་གནས་དེ་གའི་མང་ཚོགས་ཀྱི‘འགྲོ་སྐྱོད་ལམ་བུ’ཡིན་པ་མ་ཟད།ཚང་མའི‘ཕྱུག་འགྱུར་ལམ་བུ’དེ་བས་རེད”ཅེས་རྫ་ཡུལ་རྫོང་གི་རྫོང་དཔོན་གཞོན་པ་ཤེ་ཧྲུའོ་ཧྲེང་གིས་གསར་འགོད་པར་བཤད།ངོ་སྤྲོད་བྱས་པར་གཞིགས་ན།ཡུན་ནན་དང་བོད་ལྗོངས་འབྲེལ་བའི་བགྲོད་ལམ་གསར་པ་དེའི་ལམ་རྒྱུད་དུ་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་ནས་ཡུལ་སྐོར་གསར་སྤེལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད།