བདེ་ཆེན་བོད་སྨན་ཁང་མི་རིགས་ཀྱི་སྨན་དང་སྨན་བཅོས་གཟེགས་བསྟོད་ཐོབ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-11-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་ལས་ཀར་བྱུང་བའི་མཚོན་ཚུལ་བཟང་བའི་ཚོགས་ཁག་66དང་མི་སྒེར་199ལ་བརྡ་ཁྱབ་ཐོག་གཟེགས་བསྟོད་གནང་ཞིང་།ཡུན་ནན་ཞིང་ཆེན་གྱི་ཚོགས་ཁག་5ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྨན་དང་སྨན་བཅོས་ལས་ཀར་བྱུང་བའི་མཚོན་ཚུལ་བཟང་བའི་ཚོགས་ཁག་གི་གཟེགས་བསྟོད་ཐོབ་པ་དང་མི་སྒེར་18ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྨན་དང་སྨན་བཅོས་ལས་ཀར་བྱུང་བའི་མཚོན་ཚུལ་བཟང་བའི་མི་སྒེར་གྱི་གཟེགས་བསྟོད་ཐོབ་པ།དེའི་ནང་བདེ་ཆེན་ཁུལ་བོད་སྨན་ཁང་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྨན་དང་སྨན་བཅོས་ལས་ཀར་མཚོན་ཚུལ་བཟང་བའི་ཚོགས་ཁག་གི་གཟེགས་བསྟོད་ཐོབ་པ་དང་།འཇོལ་རྗོང་མི་དམངས་སྨན་ཁང་གི་སྒྲོལ་མ་གཡང་མཚོ་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྨན་དང་སྨན་བཅོས་ལས་ཀར་མཚོན་ཚུལ་བཟང་བའི་མི་སྒེར་གྱི་གཟེགས་བསྟོད་ཐོབ་པ་རེད། 

         ལོ་འགའི་རིང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞུམ་མེད་ཀྱི་འགོ་ཁྲིད་གནང་བ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཤུགས་ཆེན་གྱིས་རོགས་སྐྱོར་བྱས་ནས།གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་སྨན་རྫས་ཀྱི་ལས་དོན་ལ་འཕེལ་རྒྱས་མྱུར་པོ་ཐོབ་པ་དང་།མཚོན་ཚུལ་བཟང་བོ་དང་གྲབ་འབྲས་མངོན་གསལ་བྱུང་ཞིང་།མི་རིགས་མཐུན་སྒྲིལ་འབད་བརྩོན་གྱི་དགོངས་དོན་མཚོན་པའི་ཚོགས་ཁག་དང་རང་འགན་གཙང་སྒྲུབ།ལེགས་སྐྱེས་སུ་འབུལ་འདོད་ཆེ་བ།མང་ཚོགས་དང་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ཏུ་བསྔགས་བརྗོད་བྱས་པའི་མི་སྒེར་མང་ཙམ་བྱུང་ཡོད་པས།རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་དང་སྨན་རྫས་ལས་ཀར་མཚོན་ཚུལ་བཟང་བའི་ཚོགས་ཁག་དང་མི་སྒེར་ལ་གཟེགས་བསྟོད་གནང་ཞིང་།རིམ་པ་ཁག་གི་ཀྲུང་ལུགས་གསོ་རིག་གི་གཙོ་གཉེར་སྡེ་ཁག་དང་མི་རིགས་ལས་དོན་སྡེ་ཁག་གིས་གཟེགས་བསྟོད་ཐོབ་པའི་ཚོགས་ཁག་དང་མི་སྒེར་དཔེར་འཛིན་བྱས་ནས།སྔར་ལས་ལྷག་པར་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་དང་སྨན་རྫས་ཀྱི་ལས་དོན་བརྒྱུད་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།དེ་བས་མི་དམངས་མང་ཚོགས་ལ་བདེ་བླག་གི་ཞབས་འདེགས་མཁོ་སྤྲོད་བྱེད་དགོས་པའི་བླང་བླ་བཏོན་པ་རེད།

         གྲངས་ཉུང་མི་རིགས་ཀྱི་སྨན་དང་སྨན་རྫས་ནི་ཀྲུང་ལུགས་གསོ་རིག་གི་གྲུབ་ཆ་གཙོ་བོ་ཡིན་པ་དང་།མི་རིགས་ཁག་གི་མི་དམངས་ཀྱིས་ལོ་སྟོང་རིང་གི་ཐོན་སྐྱེད་འཚོ་བའི་ལག་བསྟར་བྱས་པ་དང་ནད་རིགས་དང་འཐབ་རྩོད་བྱས་པའི་ཁྲོད་དུ་རིམ་བཞིན་གྲུབ་པ་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་བྱུང་བའི་གསོ་རིག་ཅིག་རེད།