པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ལ་རྒྱལ་ཡོངས་5A་ལྗོངས་ཁུལ་གྱི་དྲ་ཐོག་དཔྱད་བརྗོད་བཟང་པའི་ཁོར་ཡུག་ཕུལ་བྱུང་གི་བྱ་དགའ་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ11པའི་ཚེས24ཉིན།པེ་ཅིང་དུ་བསྡུས་པའི་2017ལོའི་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གཉིས་པའི་སྐབས་གསུམ་པའི་རིག་ལྡན་ཡུལ་སྐོར་དང་ཚོང་གཉེར་ལོ་ཚོགས་དང་ཀྲུང་གོའི་5Aརིམ་པའི་ལྗོངས་ཁུལ་གྱི་དྲ་ཐོག་དཔྱད་བརྗོད་ཡོངས་བསྒྲགས་ཚོགས་འདུའི་ཐོག སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་ལ་རྒྱལ་ཡོངས་5Aརིམ་པའི་ལྗོངས་ཁུལ་གྱི་དྲ་ཐོག་དཔྱད་བརྗོད་བཟང་པའི་ཁོར་ཡུག་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།        རྒྱུས་ལོན་བྱུང་བ་ལྟར་ན།ད་རེས་ལོ་ཚོགས་ཀྱི་རིག་ལྡན་ཡུལ་སྐོར་དང་ཚོང་གཉེར་གཙོ་གནད་ཡིན་པའི་ཆ་ནས། ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་ 5Aརིམ་པའི་མཛེས་ལྗོངས་ཁུལ་དྲ་ཐོག་དཔྱད་བརྗོད་ཀྱི་མིང་གྲལ་ཆེ་བ10དངོས་སུ་ཁྱབ་བསྒྲགས་བྱས་པ་མ་ཟད།དུས་མཚུངས་སུ་2017ལོའི་རྒྱལ་ཡོངས་5Aརིམ་པའི་ལྗོངས་ཁུལ་གྱི་དྲ་ཐོག་དཔྱད་བརྗོད་བཟང་པའི་ཁོར་ཡུག་ཕུལ་བྱུང་ཅན་གྱི་བྱ་དགའ་དང་།ཞབས་ཞུའི་ཕུལ་བྱུང་ཅན་གྱི་བྱ་དགའ།འཁྲལ་རྩལ་ཕུལ་བྱུང་ཅན་གྱི་བྱ་དགའ།ཆ་འཕྲིན་ཅན་ཕུལ་བྱུང་གི་བྱ་དགའ།ཆེས་དགའ་བསུ་ཐོབ་པའི་ཕུལ་བྱུང་ཅན་གྱི་བྱ་དགའ་སོགས་བསྔགས་བརྗོད་ཐོབ་པའི་རྣམ་གྲངས་རྐྱང་མའི་བྱ་དགའ་ལྔ་གནངས་པ་རེད།འདིའི་ཁྲོད་དུ།སེམས་ཀྱི་ཉི་ཟླ་པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་དང་།ཡུས་ལུང་གངས་རིའི་ལྗོངས་ཁུལ།ཨེན་ཧྲི་གྲོག་རོང་ཆེན་མོ།ཡེ་སན་ཕོ་ལྗོངས་ཁུལ།ཝུའུ་ཀྲི་ཀྲོའུ་གླིང་ཕྲན་བཅས་ལ་2017ལོའི་རྒྱལ་ཡོངས་5Aརིམ་པའི་ལྗོངས་ཁུལ་གྱི་དྲ་ཐོག་དཔྱད་བརྗོད་བཟང་པའི་ཁོར་ཡུག་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།        པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཤར་ཕྱོགས་ཀྱི་སྤྱི་ལེ་22ཙམ་གྱི་སར་ཆགས་ཡོད་ཅིང་།  རང་རྒྱལ་ས་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་དེ་ཡིན།འཛམ་གླིང་རང་བྱུང་ཤུལ་རྫས་གཙང་གསུམ་མཉམ་བཞུར་ལྗོངས་ཁུལ་གྱི་ཆ་ཤས་གཙོ་བོ་ཤིག་ཀྱང་ཡིན། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1313ཡོད་པ་དང་།  ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཀྱིས་ཕྱོགས་བཞིའི་ཡུལ་སྐོར་བ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འགུག་བཞིན་ཡོད།  2007ལོར་དངོས་སུ་གནས་སྐོར་བ་སྣེ་ལེན་བྱེད་འགོ་བརྩམས་ཤིང་།   རྒྱལ་ཁབ5Aརིམ་པའི་གནས་སྐོར་ཡུལ་ལྗོངས་ཁུལ་གྱི་གྲས་སུ་ཚུད་ཡོད། སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནང་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་དང་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ།རྒྱལ་ཁབ་ཀྱི་གལ་ཆེའི་བརླན་ས་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཞི་གཅིག་ཏུ་འདུས་ཡོད།