བདེ་ཆེན་ཁུལ་གྱིས་ཨེ་ཙིའི་ནད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན་ནི་འཛམ་གླིང་གི་ཨེ་ཙི་ནད་ཀྱི་ཉིན་མོ་ཐེངས་30པ་ཡིན་པ་རེད།རང་ཁུལ་གྱི་ས་གནས་ཁག་གི་སྡེ་ཁག་སོ་སོས་བྱ་ཐབས་སྣ་མང་སྒོས་འཛམ་གླིང་ཨེ་ཙིའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་བསྡུས་པ་རེད།

        ཉིན་འདིར།ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་དང་ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས།ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭས་མཉམ་འབྲེལ་ཐོག་གཉེར་བའི་2017 ལོའི་“འཛམ་གླིང་ཨེ་ཙེའི་ནད་ཀྱི་ཉིན་མོའི་”བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས།ཨེ་ཙི་འགོས་ནད་སྔོན་འགོག་ཤེས་བྱ་ཁྱབ་གདལ་བྱས་ཏེ་ཡ་རབས་ཤེས་ལྡན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བྱས་པ་རེད།

        བྱེད་སྒོ་སྤེལ་ཡུལ་དུ།དགེ་རྒན་གྱིས་སློབ་མ་ཚོར་དྲིལ་བསྒྲགས་ཡིག་རིགས་དང་།ལེགས་སྐྱེས་ཆུང་ངུ་།ཨེ་ཙིའི་ནད་འགོག་གི་ཤེས་བྱའི་ཆེད་དོན་འཆད་ཁྲིད་སོགས་བྱས་པ་མ་ཟད།རིག་རྩལ་འཁྲབ་སྟོན་རྩ་འཛུགས་དང་།ཨེ་ཙི་ནད་རིགས་སྐོར་གྱི་ཤེས་བྱའི་དྲིས་ལན་འདེབས་པ་སོགས་ཀྱི་བྱེད་སྒོ་སྣ་མང་བསྡུས་ཏེ།རྒྱ་ཆེའི་སློབ་མ་རྣམས་ཀྱིས་ཁྱོན་ཡོངས་ནས་ཨེ་འགོག་དང་བདེ་ཐང་གི་ཤེས་བྱ་ཤེས་རྟོགས་དང་།རང་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་རེད།དུས་སྐབས་སུ།ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གྱིས་ཁྱོན་བསྡོམས་ཟིན་བྲིས་5000དང་། ཤོག་བུ་2000 དྲིལ་བསྒྲགས་ལག་དེབ་2000 པང་གདན5000 ཁུག་མ་2000 བཀྲམས་པ་རེད།


        ཟླ་11པའི་ཚེས་28ཉིན་ཕྱོགས་ཡོངས་ནས་《ཀྲུང་གོས་ཨ་ཙི་ནད་ཚོད་འཛིན་དང་ མངོན་འགོག་གི་“ལོའི་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི” ་འགུལ་སྐྱོད་ འཆར་གཞི་》རྒྱུན་འཁྱོངས་དོན་འཁྱོལ་ཡོང་བར་འཇོལ་རྫོང་ནད་རིགས་སྔོན་འགོག་ལྟེ་གནས་ཀྱི་འཕྲོད་བསྟེན་མི་སྣ་རྫོང་བཙོན་ཁང་དུ་གདན་འདྲེན་ཞུས་ཏེ་ཚགས་བརྟག་བྱས་ཤིང་། ཨེ་ཙི་ནད་རིགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་རེད། འཇོལ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འཕྲོད་བསྟེན་མི་སྣས་བཙོན་པ་གསར་བ་དག་གི་ཁྲག་བླངས་ནས་བརྟག་དཔྱད་བྱས་མ་ཟད།ཁོ་ཚོའི་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱས་ལ།དུག་རྫས་སོགས་ཉེན་མཐོའི་འདུས་རྒྱུ་ཡོད་མེད་བརྟག་དཔྱད་བྱས་ཤིང་།བརྟག་དཔྱད་རྒྱུགས་ཡིག་དང་ཨེ་ཙི་ནད་རིགས་ཀྱི་རྒྱུན་ཤེས་ཡི་གེ་བཀྲམས་པ་རེད། དེ་མིན་ཚོགས་ཆེན་བཅུ་དགུ་བའི་ དགོངས་དོན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་གྱི་སྤྱིའི་རེ་འདུན།  ཨེ་ཙི་ནད་རིགས་ཀྱི་རང་བཞིན། འགོ་སྟངས། འགོས་པའི་སྣང་ཚུལ།སྔོན་འགོག་བྱེད་སྟངས་སོགས་ཀྱི་ཐད་ནས་ཁྲིད་སྟོན་མཛད་དེ།བཙོན་མའི་བདེ་ཐང་གི་འཚོ་བ་རོལ་སྟངས་དང་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས།དེ་མིན་བཙོན་ཁང་གི་བདེ་འཇགས་དོ་དམ་སོགས་ལ་སྣེ་སྟོན་བྱས་པ་རེད། 


        ཟླ་12གཉིས་པའི་ཚེས་1་ཉིན།འཕྲོད་བསྟེན་མི་སྣས་སྨན་པའི་ལྭ་རིང་གྱོན་ཞིང་། མ་སྐུལ་དང་ལེན་པ་རྣམས་ཀྱིས་ཀྱང་རང་རང་གི་ཕྲག་རྟགས་བཟུང་སྟེ། “དར་སྐུད་དམར་བོ”ཞེས་པའི་བྲང་རྟགས་ཐོགས་ནས། འདྲི་རྩད་ལྟེགས་བུ་བཙུགས་ལ། དྲིལ་བསྒྲག་ཡིག་བྱང་བཤམས་ནས་མང་ཚོགས་ལ་ཨེ་ཙི་ནད་རིགས་ཀྱི་རྒྱུན་ཤེས་དྲིག་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ཨ་ཙི་ནད་འགོག་གི་རྒྱུན་ཤེས་མཐོར་འདེགས་དང་རང་སྲུང་གི་འདུ་ཤེས་དང་སྔོན་འགོག་གི་ནུས་པ་ཇེ་མཐོར་བཏང་བ་རེད། དུས་མཚུངས་སུ་ཨ་ཙི་ནད་རིགས་སྔོན་འགོག་གི་དྲིག་བསྒྲག་ཡིག་ཆ་5000དང་། སྦྲུམ་འགོག་སྨན་རྫས་སྒམ་ཆུང་150་བཀྲམས་མ་ཟད། མང་ཚོགས་མི་ཐེངས་200 ལ་འདྲི་རྩད་བྱས་པ་རེད།