རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་10ཉིན།2017ལོའི་འབའ་ལུང་རྫོང་གི་ལོ་ལེགས་རིག་གནས་དུས་ཆེན་དང་ཤང་གྲོང་གི་ཡུལ་སྐོར་ཡུལ་དངོས་སུ་ཁྱབ་སྤེལ་གཏོང་བའི་འདུ་ཚོགས་མཐའ་ཆུ་གྲོང་རྡལ་དུ་འགོ་བརྩམས་ནས།མགྲོན་པོ་དང་མི་རིགས་ཁག་གི་མང་ཚོགས་དང་ལས་བྱེད་པ་སྟོང་ཙམ་དེར་དགའ་འཛོམས་བྱས་ཤིང་།ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་མཉམ་རོལ་བྱེད་པ།
འགོ་ཚོགས་མཛད་སྒོས་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པ་དང་ཤང་གྲོང་གི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ཞེས་པ་ནི་བརྗོད་བྱ་གཙོ་བོར་གྱུར་ནས།མཐའ་ཆུའི་རས་པ་དང་འཇང་རིགས་ཀྱི་ཞབས་བྲོ་སོགས་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་སྟེ།མི་རིགས་ཁག་གི་མང་ཚོགས་ཏང་གི་རོགས་སྐྱོར་འོག་བདེ་སྐྱིད་འཚོ་བ་རོལ་ཐུབ་པའི་རྣམ་པ་བསྟན་པ་རེད།