སྐབས་བརྒྱད་པའི་ཁུལ་ཨུའི་ཐེངས་35པའི་རྒྱུན་ཨུའི་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

གུའུ་ཁུན་གྱིས་གཙོ་སྐྱོང་བྱས་པ་དང་།ཆི་ཅན་ཞིན་གྲོས་ཚོགས་སུ་ཞུགས་པ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་10ཉིན།སྐབས་བརྒྱད་པའི་ཁུལ་ཨུས་ཐེངས་35པའི་རྒྱུན་ཨུའི་གྲོས་ཚོགས་འཚོགས་ནས།སྐབས་བཅུ་པའི་ཞིང་ཨུའི་རེས་སྐོར་གསུམ་པའི་སྐོར་ཞིབ་ཀྱི་སྐོར་ཞིབ་ཚོ་ཆུང་དགུ་པས་རང་ཁུལ་གྱི་སྐོར་ཞིབ་བྱས་པའི་འབྲེལ་ཡོད་གྲ་སྒྲིག་ལས་ཀའི་གནས་ཚུལ་གྱི་སྙན་སེང་ཉན་པ་དང་།ཁུལ་ཨུའི་སྐོར་ཞིབ་ལས་ཀའི་འབྲེལ་གཏུག་འགོ་ཁྲིད་ཚོ་ཆུང་དང་འགོ་ཁྲིད་ཚོ་ཆུང་གི་ཆེད་དམིགས་ལས་བྱེད་ཚོ་ཆུང་གི་ལས་འགན་བགོས་ཚུལ་དང་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་ལ་ཞིབ་འཇུག་བྱས།གྲོས་ཚོགས་ཀྱིས་ད་དུང་བདེ་ཆེན་ཁུལ་གྱི་ལས་བྱེད་པའི་སྐྱོན་ཅན་གནས་སྤར་ལ་སྔོན་འགོག་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། 

    ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས་པ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཆི་ཅན་ཞིན་སོགས་གྲོས་ཚོགས་སུ་ཞུགས་ཡོད།

    གྲོས་ཚོགས་ཀྱིས་ཐེངས་འདིའི་སྐོར་ཞིབ་ལས་ཀའི་ཁྲོད་དུ།གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་།གཉིས་ནས་སྤུས་ཚད་མཐོ་པོ་དང་ཚད་གཞི་མཐོ་པོ།བླང་བྱ་ནན་པོ་བཅས་ལ་བརྟེན་ནས་ལས་ཀ་ཡག་པོ་སྒྲུབ་དགོས།གསུམ་ནས་སྒྲིག་ཁྲིམས་ནན་སྲུང་བྱེད་དགོས།བཞི་ནས་མཐུན་སྦྱོར་དམིགས་སར་འབྱོར་བ་དང་ཞིབ་ཚགས་འཐུས་ཚང་དུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་སུ་ཞུགས་ཡོད།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གྲོས་ཚོགས་སུ་ཟུར་ཞུགས་བྱས་པ།ཁུལ་མི་དམངས་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཆེན།ཁུལ་ཨུའི་དྲུང་ཆེན་གཞོན་པ།ཁུལ་རིམ་པའི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་སུ་ཟུར་ཞུགས་བྱས་པ་རེད།