རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་12པར། "ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་"ནས་བཟུང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཤུགས་ཆེན་བཏང་ནས་ཁྱོན་ཡོངས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་འཛིན་ཤུགས་བརྟན་པོར་བཙུགས་ཏེ་རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་འགྱུར་དུ་བཅུག་པ་རེད། མིག་སྔར། བདེ་ཆེན་དུ་ནགས་ཚལ་གྱིས་ཁྱབ་ཚད་75%ཟིན་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ལྡབ་འགྱུར་གྱིས་མང་དུ་འཕར་བ་དང་། མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།