རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་8ཉིན་ནས་ཚེས་9ཉིན་བར།ཡུན་ནན་ཞིང་ཨུའི་རྒྱུན་ཨུ་དང་།ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལུའུ་ཅུན་ཧྭ་བདེ་ཆེན་བོད་རིགས་རང་སྐྱོང་དུ་ཟབ་ཞུགས་བྱས་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་རྟོག་ཞིབ་ཀྱི་ལས་ཀ་ལ་ཞིབ་འཇུག་དང་ཁྲིད་སྟོན་བྱས་ཏེ།སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་བྱེད་པ་དང་དབུལ་ཕོངས་མང་ཚོགས་ལ་བདེ་འདྲི་གནང་བ་རེད།
ལུའུ་ཅུན་ཧྭས་ཕྱོགས་ཡོངས་ཀྱིས་ཏང་ནན་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་།རྒྱལ་ཁབ་ཀྱི་རྟོག་ཞིབ་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པ་དང་བཅའ་སྡོད་ཀྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས།དབུལ་སྐྱོར་ཁྱབ་ཁོངས་སུ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲིའི་རྩད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས།བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀ་དུས་བཀག་ནང་ལེགས་གྲུབ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱས་ནས།བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་མངོན་དུ་འགྱུར་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།