རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ཞིང་ཝུན་གྲོང་སྡེས་སྐབས་དང་པོའི་ཞིང་པ་དང་གློག་རྡུལ་ཚོང་དོན་ཟུང་འབྲེལ་གྱི་ཁྱབ་གདལ་ཚོགས་འདུ་འཚོགས། ཡུལ་དངོས་སུ་གྲོང་སྡེ་དེའི་འདེབས་འཛུགས་དང་གསོ་སྤེལ་མཉམ་ལས་ཁང་དང་། སྒེར་གཉེར་དུད་ཚང་གིས་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་སྨན་རྩྭ་དང་ཤིང་ཏོག སྒོ་ང་ལ་སོགས་པའི་ཞིང་ཞོར་ཐོན་རྫས་རིགས་20ལྷག་གཅིག་བསྡུས་བྱེད་དེ་མགྲོན་པོ་དང་ཚོང་པ་རྣམས་ལ་ཁྱབ་གདལ་དང་ངོ་སྤྲོད་བྱེད་ཡོད།
ཁྱབ་གདལ་ཚོགས་འདུའི་ཐོག ཏ་ལི་པིན་ཁྲོན་གྱི་ཅིན་ཧྥེང་ཧུའེ་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་དང་། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཐོ་སྒང་སྐྱེ་དངོས་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། ཡུན་ནན་གསེར་འཇོར་སྐྱེ་དངོས་ཚད་ཡོད་འགན་འཁྲི་ཀུང་སི་ལ་སོགས་པའི་མཉམ་ལས་ཚོང་པ་འགུག་འདྲེན་བྱེད་དེ། ཉིན་དེའི་བཙོང་འབོར་སྒོར་ཁྲི་15ཟིན།
ཤེས་རྟོགས་བྱུང་དོན། ཉེ་བའི་ལོ་འགའི་རིང་། ཞིང་ཝུན་གྲོང་སྡེས་ཧུར་ཐག་གིས་གྲོང་སྡེ་རིམ་པའི་གཞི་ཁྱོནཆུང་གྲས་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཉམས་ཞིབ་བྱས་ཏེ། གཞི་ཁྱོན་ཆུང་གྲས་ཀྱི་འདེབས་འཛུགས་དང་གསོ་སྤེལ་གྱི་ཞིང་ལས་ཐོན་ལས་བཅུ་ལྷག་གསོ་སྐྱོང་བྱས་ཡོད། མིག་སྔར། གྲོང་སྡེའི་ནང་དུ་འདེབས་འཛུགས་དང་གསོ་སྤེལ་མཉམ་ལས་ཁང་23འཛུགས་ཡོད་པ་དང་། འདེབས་འཛུགས་དང་གསོ་སྤེལ་གནས་གཞི་15འཛུགས་ཡོད། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་མཉེན་པའི་སེ་འབྲུ་མུའུ་400དང་ཤིང་ཏོག་སོས་པོ། སྲོལ་རྒྱུན་གྱི་ཀྲུང་ལུགས་སྨན་རྩྭ། སྟར་ཀ ནས་ནག་སོགས་འདེབས་འཛུགས་བྱས་ཡོད་པ་དང་། ར་ནག་དང་ཁྱིམ་བྱ། བ། རི་བོང་སོགས་གསོ་སྤེལ་བྱས་ཡོད་པས། ཞིང་ཞོར་ཐོན་རྫས་གོང་དུ་འཕེལ་བའི་རྣམ་པ་མངོན་ཡོད།
སྐབས་འདིའི་ཁྱབ་གདལ་ཚོགས་འདུ་སྒྲུབ་འགན་འཁུར་བའི་ཞིང་ཝུན་གྲོང་སྡེའི་རང་སའི་ཁེ་ལས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅང་ནུང་གློག་རྡུལ་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་ལྟར་ན། 2014ལོ་ནས་བཟུང་། ཀུང་སི་དེའི་བདག་གཉེར་བྱེད་ཁོངས་ནི་ཤིང་ཏོག་གི་འདེབས་འཛུགས་དང་ཕྱིར་འཚོང་ནས་ལྗང་མདོག་ཅན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་ཕྱིར་འཚོང་དང་ཁྱབ་གདལ་དུ་འཕེལ་ཡོད་དེ། འདེབས་འཛུགས་ཀྱི་ས་ཁྱོན་མུའུ་324་དང་གསོ་སྤེལ་གྱི་གནས་གཞི་6 དུད་ཚང་500ལྷག་ཡོད་པས་ས་གནས་དེ་གའི་ཞིང་པར་སྒོར་ཁྲི་17གྱི་ཡོང་འབབ་གཙང་ལེན་བྱས་ཡོད། མིག་སྔར། ཀུང་སིས་གཙོ་བོ་ས་གནས་དེ་གའི་ཁེ་ལས་དང་གནས་གཞི། དུད་ཚང་གི་ལྗང་མདོག་ཅན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་བདག་གཉེར་བྱེད་དེ། དཔེ་ན་ལི་དང་ཁམ་བུ། ལྤགས་སྨུག་ཅན་གྱི་སྟར་ཀ་སོགས་འདེབས་འཛུགས་བྱེད་པ་དང་། ནགས་གསེབ་ཏུ་ས་ཏུའུ་ཕག་དང་མིའི་ཐབས་ཀྱིས་གོས་བའི་རྒྱབ་བྱ་གསོ་ཡོད། གོམ་པ་རྗེས་མར་ཀུང་སིས་ས་གནས་དེ་གའི་ཕུལ་བྱུང་གི་མཉམ་ལས་ཁང་10བདམས་ལེན་བྱས་ནས་ལྗང་མདོག་གི་ཞིང་པ་དང་གློག་རྡུལ་ཚོང་དོན་མཐུན་ཚོགས་འཛུགས་ཏེ། ཕྱི་ནས་ཡོང་བའི་ཚོང་པ་དང་མཉམ་ལས་བྱས་ནས་དྲ་འོག་དང་དྲ་ཐོག་མཉམ་དུ་འཕེལ་རྒྱས་བརྩོན་ལེན་བྱ་སྟེ་གྲོང་སྡེ་དེ་ལྗང་མདོག་ཐོན་ལས་ཀྱི་ཡུལ་སྐོར་གྲོང་སྡེར་བཞེངས་བསྐྲུན་བྱ་རྒྱུ།