ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-15   རྩོམ་ཁུངས།    མི་དམངས་དྲ་བ།


 


        རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་4600ཡན་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་4.5ཡོད་པའི་མི་མེད་ཐང་སྟོང་ཨ་ཆེན་གངས་རྒྱབ་ཏུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིམ་པ་དང་པོ་གཙོད་ནི་འདིར་འཚོ་གནས་བྱས་གྲངས་མང་ཤོས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཡིན་ཞིང་། གཙོད་ནི་ཨ་ཆེན་གངས་རྒྱབ་ཀྱི་གཟི་བརྗིད་ཡིན་པ་དང་། མཐོ་སྒང་གི་རྣམ་ཤེས་སུ་གྲགས་བཞིན་ཡོད། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མིག་སྔར་རང་རྒྱལ་དུ་བཙུགས་པའི་རྒྱ་ཁྱོན་ཆེ་ཤོས་དང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས། བདག་ཏུ་མ་བཟུང་བའི་སྲོགས་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་བཅས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ། རང་རྒྱལ་གྱིས་གཙོད་སྲུང་སྐྱོང་བྱེད་ཆེད་བཙུགས་པའི་སྲུང་སྐྱོང་ཁུལ་ཨང་དང་པོ་ཡང་རེད། 2017ལོའི་ཟླ་7ཚེས་7ཉིན། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་མིང་ཐོ་རུ་བཀོད་རྒྱུ་ཆོག་མཆན་ཐོབ་པ་རེད།