སྟོང་ཧྥུ་35ཅན་གྱི་ཆིང་ཧྥུ་གློག་སྒྱུར་ས་ཚུགས་བདེ་བླག་ངང་སྤྱོད་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཉེ་སྔོན།སྟོང་ཧྥུ་35ཅན་གྱི་ཆིང་ཧྥུ་གློག་སྒྱུར་ས་ཚུགས་ཨང་1པོ་གློག་གསོག་རྒྱུན་ལྡན་ཡིན་པ་དང་བསྟུན་ནས།སྟོང་ཧྥུ་35ཅན་གྱི་ཆིང་ཧྥུ་གློག་སྒྱུར་ས་ཚུགས་བདེ་བླག་ངང་སྤྱོད་འགོ་ཚུགས་པས།འབའ་ལུང་གི་རིམ་པ་གཉིས་པའི་གཞུང་ལམ་བསྐྲུན་པར་གློག་ཤུགས་འགན་ལེན་བྱས་པ་རེད།

        སྟོང་ཧྥུ་35ཅན་གྱི་ཆིང་ཧྥུ་གློག་སྒྱུར་ས་ཚུགས་འདི་ཉིད་འབའ་ལུང་རྫོང་ཡུང་ཁྲུན་ཤང་གི་མངའ་ཁོངས་སུ་གནས་ཡོད་པ་དང་།   གློག་སྒྱུར་ཤོང་ཚད་སྟོང་ཧྥུ་ཨན་8000ཡིན་ལ།འདིའི་གློག་སྒྱུར་ས་ཚུགས་བདེ་བླག་ངང་སྤྱོད་འགོ་ཚུགས་པ་དེ།ཡུང་ཁྲུན་ཤང་གི་གློག་དྲའི་དྲ་སྒྲོམ་ཉམ་ཐག་པའི་ད་ཡོད་གནས་ཚུལ་ལེགས་བཅོས་བྱས་པ་མ་ཟད།སྔར་ལས་ལྷག་པའི་སྒོ་ནས་ཁོངས་གཏོགས་ཀྱི་གློག་དྲའི་གྲུབ་ཆ་ལེགས་སུ་བཏང་པ་རེད།

        སྟོང་ཧྥུ་35ཅན་གྱི་ཆིང་ཧྥུ་གློག་སྒྱུར་ས་ཚུགས་གྱིས་གློག་འདོན་བརྟན་པོའི་རང་བཞིན་དང་བདེ་འཇགས་རང་བཞིན་སྲ་བརྟན་དུ་བཏང་སྟེ།ཡུང་ཁྲུན་ཤང་ཁོངས་གཏོགས་ཀྱི་སྟོང་ཧྥུ་10ཅན་གྱིསྐུད་ལམ་གློག་འདོན་ཚངས་ཕྱེད་རིང་དྲགས་པའི་གནད་དོན་སོགས་ཐག་གཅོད་གང་ལེགས་བྱས་ནས།ས་ཁོངས་འདིའི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐད་དུ་ཆེས་སྲ་ཞིང་བརྟན་པའི་གློག་ཤུགས་འགན་ལེན་བྱས་པ་རེད།