སེམས་ཀྱི་ཉི་ཟླའི་སྐབས་གཉིས་པའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་བྱེད་སྒོ་བདེ་ལེགས་ངང་མཇུག་སྒྲིལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་17ཉིན། ཉིན་ལྔའི་རིང་ལ་སྤེལ་བའི་སེམས་ཀྱི་ཉི་ཟླའི་སྐབས་གཉིས་པའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་བྱེད་སྒོ་བདེ་ལེགས་ངང་མཇུག་སྒྲིལ་ལ། འགྲན་ཞུགས་རུ་ཁག་16གིས་བསྡོམས་པས་བྱ་རིགས་154བརྙན་ཕབ་ཟིན་བཀོད་ཐུབ་ཅིང་། ལོ་སྔོན་མ་དང་བསྡུར་ན་བྱ་རིགས་གཉིས་མང་དུ་སོང་ཡོད་པ་འཚོལ་རྟོག་ཐུབ་པ་རེད།

        ཐེངས་འདིའི་བྱ་གཟིགས་བྱེད་སྒོ་ནི་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་སུམ་རྩེན་གླིང་ཡུལ་སྐོར་ལྗོངས་ཁུལ་གཉིས་ནས་སྤེལ་བ་ཡིན་ལ། འགྲན་བསྡུར་ནི་ཆེད་བཀོལ་དྲ་བའི་སྟེང་ནས་བྱ་རིགས་ཟིན་ཐོར་འགོད་པ་དང་དྲིས་ལན་འདེབས་པའི་རྣམ་པས་སྤེལ་བ་ཡིན་ལ། བྱ་གཟིགས་ཀྱི་ལམ་ཐིག་ལ་བསྡོམས་པས་སྤྱི་ལེ་56ཡོད་པ་རེད། 

ནཱ་ཧེ་ཁྲུང་ཁྲུང་རུ་ཁག་གིས་བསྡོམས་པས་བྱ་རིགས་107འཚོལ་རྟོག་ཐུབ་པས། ཐེངས་འདིའི་འགྲན་བསྡུར་ཁྲོད་ཆེས་མཐོའི་ཟིན་ཐོ་གསར་བའི་བྱ་དགའ་ཐོབ་ལ།  དར་གོས་ཚོང་ལམ་རུ་ཁག་གིས་ཆེས་ཐོག་མར་འུག་པ་རྣ་དུམ་གྱི་འཚོལ་རྟོག་ཟིན་ཐོ་སྤྲད་པས། དམིགས་གསལ་འཚོལ་རྟོག་ཐུབ་པའི་བྱ་དགའ་ཐོབ་པ་རེད། དེ་མིན་ཚའེ་ཉའོ་རུ་ཁག་གིས་བྱི་རིགས་157ཡོད་པ་སྔོན་དཔག་བྱས་པས། བྱ་རིགས་སྤྱིའི་དངོས་གྲངས་154དང་ཆེས་ཉེ་བ་ཡིན་སྟབས་ཆེས་མཐོའི་སྔོན་དཔག་གི་བྱ་དགའ་ཐོབ་པ་རེད། དེ་མིན་གྱི་རུ་ཁག་13ལ་དམིགས་གསལ་བྱས་རྗེས་བྱ་དགའ་དང་བརྙན་ཕབ་བྱས་རྗེས་བྱ་དགའ་ཐོབ། 

        དུས་ཡུན་རིང་བོར་རང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་དོ་སྣང་ཚད་མཐོ་བྱས་ཤིང་། བརླན་སའི་ལྟ་རྟོག་དང་བདག་སྐྱོང་ཀྱི་ཐད་ལ་ཤུགས་སྣོན་བྱས་སྟབས། ད་སྔ་རང་ཁུལ་དུ་འཚོལ་རྟོགས་ཟིན་བཀོད་བྱས་ཡོད་པའི་བྱ་རིགས་300ཡན་ལ་བསླེབས་ཡོད་ལ། དེའི་ཁྲོད་བྱ་རིགས་རྩ་ཆེན་མང་བོ་ཡོད་པ་རེད། རྒྱུན་མཐུད་ཀྱིས་ཐེངས་གཉིས་ལ་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་བྱེད་སྒོ་བདེ་ལེགས་ངང་སྤེལ་ཐུབ་པས། དེས་སེམས་ཀྱི་ཉི་ཟླའི་བྱ་གཟིགས་བརྙན་ལེན་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར་ལ་གསོན་ཤུགས་གསར་བ་བསྣན་པ་རེད། དེ་མིན་མི་རྣམས་ཀྱིས་ཕུན་སུམ་ཚོགས་ལ་རིགས་མང་བའི་བྱའི་ཐོན་ཁོངས་ངོས་ཟིན་ཐུབ་པ་མ་ཟད། རང་ཁུལ་ལ་ཡུལ་སྐོར་གྱི་མང་བྱང་གསར་བ་ཞིག་འཕེལ་སྣོན་ཐུབ་པ་རེད།