སྐབས་བརྒྱད་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་36པ་སྐོང་ཚོགས་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས18ཉིན།སྐབས་བརྒྱད་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་36པ་སྐོང་ཚོགས་བྱས།གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་དབུལ་པོའི་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་མཛུབ་ཁྲིད་ཚོགས་ཆུང་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་པ་དང་།ནུས་ཤུགས་ཡོད་རྒུས་དབུལ་པོའི་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་ལག་བསྟར་འགན་འཁྲིའི་གསལ་ཐོ་སོགས་ཀྱི་ཇུས་གཞི་ལ་གྲོས་ཞིབ་གནང་བ་རེད།

        ཁུལ་ཨུའི་ཧྲུའུ་ཅི།ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཁུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་སོགས་གྲོས་ཚོགས་སུ་ཞུགས།

        གྲོས་ཚོགས་ཐོག་ཁུལ་དང་རྫོང་གི་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་མཛུབ་སྟོན་བྱེད་རྒྱུ་དང་།ཞིབ་བཤེར་གྱི་ནང་དོན་གཏན་ཁེལ་བྱས་པ་མ་ཟད།《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་སྐུལ་འདེད་ལ་ཕྱོགས་ཡོངས་ནས་ལག་བསྟར་གཏོང་བའི་ཇུས་གཞི》ཁྲོད་འདོན་པའི་“ལས་གཞི་ཆེན་པོ་བརྒྱད་”ལ་འོས་འགན་དབྱེ་འབྱེད་དང་ལས་འགན་ཞིབ་ཕྲ་བྱས་ནས།འོས་འགན་གསལ་ཐོ་འཛུགས་པ་དང་།ཁུལ་རིམ་པའི་འགན་འཁྲི་འཁུར་མཁན་ཁ་གསལ་བྱས་ཏེ་རྣམ་གྲངས་སོ་སོའི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས་པ་རེད།

        གྲོས་ཚོགས་ཐོག་ཁུལ་ཡོངས་སུ་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ཤང་དང་གྲོང་རྡལ་གྱི་སྒྲུབ་འགན་འཁུར་དགོས་པ་དང་།རྫོང་དང་ཤང་རིམ་པའི་འགོ་ཁྲིད་ཀྱིས་གྲོང་ཚོའི་སྒྲུབ་འགན་ཁུར་བའི་འོས་འགན་མ་ལག་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ནས།ཁུལ་ཡོངས་ཀྱིས་བློ་ཐག་རྦད་བཅད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་ལེན་གནང་བ་རེད།

གྲོས་ཚོགས་ཐོག་ད་དུང་འབྲེལ་ཡོད་ལས་བྱེད་པའི་མི་དོན་སྐོར་གྱི་དོན་དག་ཞིབ་འཇུག་བྱས་པ་རེད།                                        

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་།ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་གྲོས་ཚོགས་སུ་ཟུར་ཞུགས་བྱས་པ་རེད།