སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་ཚོས་མིང་ཐོ་འགོད་པ།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-12-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   ཟླ12པའི་ཚེས26ཉིན།  སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་དང་ཟུར་ཞུགས་མི་སྣ་སོགས་རིམ་བཞིན་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོར་ཕེབས་ནས་མིང་ཐོ་བཀོད་ཡོད།  འབྱོར་ཐོ་འགོད་སའི་ལས་ཡུལ་དངོས་སུ་སྔར་གྱི་བབ་ཆགས་ཤིང་སྟབས་བདེ་བའི་རྣམ་པ་རྒྱུན་འཛིན་བྱས་ཡོད།  ལས་བྱེད་མི་སྣས་ཐོ་འགོད་བྱེད་པའི་ཞོར་ལ་འཛིན་ཡིག་དང་རྒྱུ་ཆ་སྤྲོད་ཀྱི་ཡོད། ཨུ་ཡོན་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་ལྟེ་བ་དང་འབྲེལ་ནས་དོན་དངོས་ཀྱིས་སྤྱི་ཚོགས་ཀྱི་དཀའ་གནད་དང་གནད་དོན་ཚ་ཤོས།  དམངས་འཚོའི་གནད་དོན་སོགས་ཚུར་སྣང་བྱས་ནས་ནན་ཏན་གྱིས་སྙན་ཞུ་ལ་གསན་རྒྱུ་དང་ཧུར་ཐག་གིས་དཔྱད་གླེང་བྱས་ནས་ཨུ་ཡོན་གྱི་འགན་འཁུར་དང་ལེན་བྱས་ཏེ་རང་ཁུལ་གྱི་འཕེལ་རྒྱས་ལ་ཐབས་ཇུས་འདོན་རྒྱུའི་བསམ་འདུན་བསྟན་ཡོད། 

 


ཨུ་ཡོན་ཚོས་མིང་ཐོ་འགོད་བཞིན་པ།


འཛིན་ཡིག་དང་རྒྱུ་ཆ་ལེན་བཞིན་པ།  


ཨུ་ཡོན་གྱིས་བཅར་འདྲི་དང་ལེན་བྱེད་པ།