ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དུས་རབས་གསར་པར་སྐྱོད་པ་དང་འགོ་ཚུགས་ས་གསར་པར་གཞི་ཚུགས་ཏེ།འཐབ་ལམ་གསར་པ་སྐྱོད་འགོ་ཚུགས་པ།ཟླ་12པའི་ཚེས་28ཉིན་གྱི་སྔ་དྲོར།བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཁུལ་ཨུའི་སྙན་ཞུ་ཐིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ།


      ཐེངས་འདིའི་གྲོས་ཚོགས་སུ་འཐུས་མི་251ཞུགས་དགོས་པ་དང་།དངོས་སུ་221ཞུགས་ཡོད་དེ།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

      འགོ་ཚུགས་པའི་ཚོགས་ཆེན་དེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཕུའུ་ལུའུ་ཧྭས་གཙོ་སྐྱོང་གནང་བ།

      ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་མཁན་ད་དུང་ཀུའུ་ཁུན་དང་།ཆི་ཅན་ཞིན།ཡུས་ཧྲེང་ཞང་།ཀྲང་ཝེ་ཏུང་།ཁྲ་ཀྲུང་ཝང་།ཏུའུ་ཡུང་ཁྲོན།ཝང་ཧུང་།ཀའོ་གོ་ཁྲེན།ཁྲེན་ཅུན་མིང་།ཞའོ་ཞུས།ཞའོ་ཝུའུ།ཡུས་ཀུའེ་ཧྥུནདབྱང་ཅན་ཧྭ་བཅས་ཡོད།


      སྔ་དྲོའི་ཆུ་ཚོད་10པར།ཕུའུ་ལུའུ་ཧྭས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་།ཚང་མས་ཡར་ལངས་ནས་རྒྱལ་གླུ་བཏང་བ།


      ཁུལ་དཔོན་ཆི་ཅན་ཞིན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་ཀའི་སྙན་ཞུ་གནང་བ་རེད།

      སྙན་ཞུའི་ཐོག་བསྟན་དོན་ལོ་གཅིག་རིང་།ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྟེན་ནས།སྟོབས་ཤུགས་གང་ཡོད་ཀྱིས་དམངས་འཚོ་ལ་ཕན་ནུས་སྤྲད་པ་དང་བརྟན་བརླིང་སྲུང་སྐྱོང་བྱས་པ།དཔལ་འབྱོར་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་སྲུང་རྒྱུན་འཁྱོངས་བྱས་ཡོད།སྔོན་རྩིས་ལྟར་ན།ས་གནས་ཀྱི་ཐོན་སྐྱེད་རིན་ཐང་སྤྱི་གྲངས་སྒོར་དུང་ཕྱུར་199ལེགས་གྲུབ་བྱུང་ཞིང་10%འཕར་ཡོད་པ་དང་།གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་365བཏང་ནས་16%འཕར་ཡོད།སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་51ཟིན་ཏེ་12%འཕར་ཡོད།སྤྱི་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་10.1ཟིན་ཏེ་5%འཕར་ཡོད།གྲོང་རྡལ་གྱི་རྒྱུན་སྡོད་སྡོད་དམངས་ཀྱི་སྤྱོད་ཆོག་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་32088ཟིན་ཏེ་9%འཕར་ཡོད།ཞིང་གྲོང་གི་རྒྱུན་སྡོད་སྡོད་དམངས་ཀྱི་སྤྱོད་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7800ཟིན་ཏེ་10%འཕར་ཡོད།གྲོང་རྡལ་གྱིས་ཐོ་འགོད་བྱེད་པའི་ལས་ཀ་ཤོར་ཚད་4.5

%ནང་ཚོད་འཛིན་བྱས་ཡོད།མི་གྲངས་ཀྱི་རང་བྱུང་འཕར་ཚད་6‰ནང་ཚོད་འཛིན་བྱས་ཡོད།རྩིས་གཞི་རེའིGDPཡི་ནུས་ཁུངས་ཟད་ཚད་1.5%མར་ཆག་པ།ཅུང་ལེགས་ཀྱིས་ལོ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཙོ་བོའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱས་ཏེ།སྐབས་བཅུ་གསུམ་པའི་ཁུལ་མི་དམངས་སྲིད་གཞུང་གི་ལས་ཀའི་འགོ་ཚུགས་ཡག་པོ་མངོན་འགྱུར་བྱུང་བ་རེད།






ཚོགས་རའི་ཡུལ་དངོས།

སྙན་ཞུའི་ཐོག་བསྟན་དོན།2018ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོན་པོར་སྒྲེང་སྟེ།སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པ།“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།ཁྲིམས་ལྟར་བོད་སྐྱོང་དང་།དམངས་ཕྱུག་བོད་དར།ཡུན་རིང་བོད་འཛུགས།མི་སེམས་གཅིག་སྒྲིལ།རྨང་གཞི་བརྟན་གཏོང་གི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་དང་།ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་།ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་པ་དང་ཁུལ་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་ལྟར།གཏིང་ཟབ་ཀྱིས་“ཁུལ་བཞིའི་འཐབ་ཇུས་”སྐུལ་འདེད་གཏོང་བ་དང་།ཆབ་སྲིད་དང་དོད་དང་རྨང་གཞི་སྲ་འཛུགས།སྐྱེ་ཁམས་འཛུགས་སྐྱོང་།ཐོན་ལས་སྤུས་ལེགས།དམངས་འཚོ་ཕན་བདེ།འཆམ་མཐུན་སྐུལ་འདེད།ཏང་འཛུགས་ནན་སྐྱོང་གི་གཙོ་བོའི་བསམ་ལམ་རྒྱུན་འཁྱོངས་བྱེད་དེ།ཕྱོགས་ཡོངས་ནས་རྒྱལ་ཡོངས་བོད་ཁུལ་ཀྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།བདེ་ཆེན་འདི་ཉིད་མི་དམངས་བདེ་སྡོད་དང་འགན་ལེན་ནུས་ལྡན།ཁྱིམ་གཞི་མཛེས་ལྡན།མི་རིགས་མཐུན་སྒྲིལ།འཆམ་མཐུན་དཔལ་ཡོན་གྱི་བོད་ཁུལ་གསར་པ་འཛུགས་སྐྲུན་བྱེད་དགོས།

      སྙན་ཞུ་ཐོག་2018ལོ་ཁུལ་ཡོངས་ཀྱི་འཕེལ་རྒྱས་གཙོ་བོ་སྔོན་དཔག་ལྟར་ན།ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་10%ཡས་མས་འཕར་རྒྱུ་དང་།གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་གྲངས་10%ཡས་མས་འཕར་རྒྱུ།སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་5%ཡས་མས་འཕར་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་སྣའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%ཡས་མས་འཕར་རྒྱུ།གྲོང་ཚོའི་རྒྱུན་སྡོད་མི་སྣའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡས་མས་འཕར་རྒྱུ།སྤྱི་ཚོགས་འཛད་སྤྱོད་སིལ་འཚོང་སྤྱིའི་འཕར་ཚད་10%ཡས་མས་ལ་ཟིན་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་ཚད་4.5%ནང་དུ་ཚོད་འཛིན་བྱེད་རྒྱུ།སྡེ་ཚན་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་འཛད་ཚད་1.5%མར་ཆག་རྒྱུའི་བསམ་འཆར་བཏོན་པ་རེད།






ཚོགས་རའི་ཡུལ་དངོས།


         སྙན་ཞུའི་ཐོག་བསྟན་དོན།དམིགས་ཡུལ་མངོན་འགྱུར་ཡོང་ཆེད།རང་ཁུལ་གྱིས་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་དམིགས་སུ་བགར་ནས་དམ་དུ་བཟུང་དགོས་པ་སྟེ།གཏིང་ཟབ་ཀྱིས་གལ་ཆེའི་འཛུགས་སྐྲུན་གྱི་རྣམ་གྲངས་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ།གཏིང་ཟབ་ཀྱིས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུ།གཏིང་ཟབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་གཏོང་རྒྱུ།གཏིང་ཟབ་ཀྱིས་སྐྱེ་ཁམས་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་རྩ་བ་སྲ་བརྟན་དུ་གཏོང་རྒྱུ།གཏིང་ཟབ་ཀྱིས་ཤང་གྲོང་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།གཏིང་ཟབ་ཀྱིས་སྤྱི་ཚོགས་ལས་དོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་འབྲས་བུ་སྲ་བརྟན་དུ་གཏོང་རྒྱུ།གཏིང་ཟབ་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལས་ཀ་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པར་བྱེད་རྒྱུ།གཏིང་ཟབ་ཀྱིས་སྤྱི་ཚོགས་བཅོས་སྐྱོང་དང་གསར་གཏོད་ལ་སྐུལ་འདེད་བྱས་ནས།ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་བཅས་རེད།

སྙན་ཞུའི་ནང་མི་དམངས་ལྟེ་བ་བྱེད་པ་དང་།མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ། མི་དམངས་ལ་འགན་ཁུར་བ་བཅས་ནི་སྲིད་གཞུང་ལས་དོན་གྱི་གཞི་རྩའི་རྩ་དོན་ཡིན། ཁུལ་སྲིད་གཞུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པའི་དད་སེམས་དང་། འགན་འཁྲི་ཡིད་ལ་བཟུང་ནས་ཕྲག་ཏུ་འཁུར་ཕོད་པའི་ལྟ་བས་ལས་དོན་ཁག་གི་སྣེ་ཁྲིད་དེ་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་ལག་བསྟར་བྱེད་པ་དང་།ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་སྒྲུབ་སྟེ་ཕྱོགས་ཡོངས་ཀྱིས་བསམ་བློའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ།ཕྱོགས་ཡོངས་ནས་འགན་འཁྲི་དོན་འཁྱོལ་བྱེད་པར་ཤུགས་སྣོན་རྒྱག་སྟེ་མི་དམངས་ཡིད་ཚིམ་པའི་སྲིད་གཞུང་ཞིག་བསྐྲུན་པར་ཧུར་ཐག་བྱེད་རྒྱུ་ཡིན་པར་བསྟན་ཡོད།  

       སྙན་ཞུའི་ཐོག་དུས་རབས་གསར་བས་ལས་འགན་གསར་བ་གནང་ཡོད་པ་དང་།འགོ་འཛུགས་ས་གསར་བས་འགྲོ་ལམ་གསར་བ་བཏོད་ཡོད།ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲིད་སྟོན་འོག་ང་ཚོས་སྔར་ལས་ལྷག་པར་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།  ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་བཟུང་བ།བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ནས་བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་ལས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་ཡོད།  

       ཚོགས་འདུའི་གྲོས་རིམ་ལྟར་ཚོགས་ཆེན་ཐོག་ཡིག་ཐོག་གི་རྣམ་པར་བརྒྱུད་ནས་འཐུས་མི་གདན་འདྲེན་གྱིས་བདེ་ཆེན་ཁུལ་གྱི2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང་།2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་མ་ཟིན་གྱི་སྙན་ཞུ།བདེ་ཆེན་ཁུལ་གྱི2017ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2018ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་གནང་བ་རེད།

      ཀྲུའུ་ཞི་ཚོགས་པའི་སྟེགས་བུའི་སྟེང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ལས་གཞན་ད་དུང་ཁུལ་མི་དམངས་སྲིད་གཞུང་དང་། ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད།   སྐོར་གཟིགས་པ་གཞོན་པའི་ཐོབ་ཐང་ལོངས་སུ་སྤྱོད་པའི་འགོ་ཁྲིད།དེ་སྔའི་ཁུལ་རིམ་པའི་འགོ་ཁྲིད་རྒན་གྲས་སོགས་བཞུགས་ཡོད།བདེ་ཆེན་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་དང་ཟུར་ཞུགས་མི་སྣ་སོགས་ཚོགས་འདུར་ཟུར་ཞུགས་ཡོད་པ་རེད།