སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་《ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་བྱ་ཐབས་ཁག་30》བློ་ཐག་ཆོད་པོས་ལག་བསྟར་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 


    2017ལོའི་ཟླ་9པའི་ཚེས་27ཉིན། ཡུན་ནན་ཞིང་ཆེན་གྱིས་《ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་བྱ་ཐབས་ཁག་30》བཏོན་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱིས་ནད་བཅོས་ཐུབ་པ་དང་ནད་བཅོས་པར་སྟབས་བདེ་སྤྲོད་པ། ནད་ཡག་པོ་བཅོས་ཐུབ་པ། ནད་ཕོག་ཉུང་ཐབས་བྱེད་པ་སོགས་བྱེད་དུ་བཅུག་སྟེ། ནུས་ལྡན་ངང་ནད་ཕོག་རྐྱེན་དབུལ་པོར་གྱུར་པ་དང་ནད་ཕོག་རྐྱེན་དབུལ་པོར་ཕྱིར་ལོག་པའི་གནད་དོན་ཐག་གཅོད་བྱས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྱང་རང་ས་གནས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་《ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་བྱ་ཐབས་ཁག་30》གཏན་འབེབས་བྱས་ཏེ། ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་གྱི་དམིགས་ཡུལ་ལས་འགན་གསལ་འབེབས་བྱས།
    དང་པོ།    སྤྱི་ཁོག་གི་དམིགས་ཡུལ།
     2020ལོར་སླེབས་དུས། གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་མི་ཀུན་ལ་གཞི་རྩའི་སྨན་བཅོས་ཞབས་འདེགས་ལོངས་སུ་སྤྱོད་ཆོག་པ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དམིགས་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་ཟིན་གང་ཐུབ་བྱ་རྒྱུ། མི་རེའི་ཆ་སྙོམས་ཚེ་ཚད་དེ་སྔར་ལས་ལྷག་པར་མཐོ་རུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་དམིགས་བསལ་གྱིས་ལེགས་སུ་གཏོང་རྒྱུ། ཞབས་འདེགས་ནུས་པ་དང་ཟིན་ཐུབ་ཚད་མངོན་གསལ་གྱིས་མཐོ་རུ་གཏོང་རྒྱུ། ནད་ཆེན་པོ་ཕོག་ཚེ་གཞི་རྩའི་ཐོག་གྲོང་ཁྱེར་ལས་ཕྱིར་ཐོན་མི་དགོས་པ་དངོས་སུ་འགྲུབ་ཐུབ་རྒྱུ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་མི་སྒེར་གྱི་ནད་བཅོས་སྨན་ཡོན་གྱི་འགན་འཁྲི་ཚད་ཆེན་ཡང་དུ་གཏོང་རྒྱུ། ནད་ཕོག་རྐྱེན་དབུལ་པོར་གྱུར་པ་དང་། ནད་ཕོག་རྐྱེན་དབུལ་པོར་ཕྱིར་ལོག་པའི་གནད་དོན་དེ་ནུས་ལྡན་ངང་ཐག་གཅོད་ཐུབ་པ་བྱ་དགོས།
     གཉིས་པ། 《ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་བྱ་ཐབས་ཁག་30》ཡི་གཙོ་བོར་དམིགས་པའི་མི་ཚོགས།

     གཙོ་བོ་ནི་དབུལ་སྐྱོར་སྡེ་ཁག་གིས་ཞིབ་དཔྱད་གཏན་འབེབས་བྱས་པའི་རང་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ལ་དམིགས་ཡོད།
     གསུམ་པ།   སྤྱི་ཁོག་གི་བླང་བྱ།
     གཅིག “འགན་སྲུང་འགངས་ཆེན་བཞིའི་”བྱ་ཐབས། 
     2017ལོ་ནས་བཟུང་།   གྲོང་ཁྱེར་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་(འོག་ལ་བསྡུས་མིང་དུ་གཞི་རྩའི་སྨན་བཅོས་འགན་ལེན་ཞེས་འགོད་རྒྱུ་ཡིན)དང་།   ནད་ཆེན་འགན་ལེན། སྨན་བཅོས་སྐྱོབ་རོགས། སྨན་བཅོས་གྲོན་དངུལ་མཐའ་སྐྱོང་འགན་སྲུང་རྐྱེན་སྲོལ་ཏེ“འགན་སྲུང་འགངས་ཆེན་བཞིའི་”བྱ་ཐབས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
     གཉིས “ཁག་ཐེག་ཏན་ཏིག་དགུ”དངོས་སུ་འགྲུབ་ཐུབ་པ་བྱེད་དགོས།
 (གཅིག) ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་100%གཞི་རྩའི་སྨན་བཅོས་འགན་ལེན་དང་ནད་ཆེན་འགན་ལེན་དུ་ཞུགས་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
 (གཉིས།) ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ཁྱིམ་ཚང་གི་སྨན་པའི་གན་བཞག་ཞབས་འདེགས་ཞུ་ཚད་100%ལ་ཟིན་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
 (གསུམ།) ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ནད་རིགས་ཁག་28་ཀྱི་སྒོ་བསྟེན་སྨན་བཅོས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་80%ལ་ཟིན་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
 (བཞི།) ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ནད་བརྟག་སྤོ་སྒྱུར་དང་སྨན་ཁང་སྤོ་སྒྱུར་ཚད་གཞི་དང་མཐུན་པའི་སྨན་ཁང་དུ་སྡོད་དེ་སྨན་བཅོས་པའི་གྲོན་དངུལ་ལ་དངོས་སུ་སྐྱིན་གསབ་སྤྲད་པའི་བསྡུར་ཚད་དེ་90%ལ་ཟིན་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
 (ལྔ།)     རིགས་9་ཡི་ནད་ཆེན་སྣ་ཁ་15ཡི་གཅིག་བསྡུས་ཀྱི་ནད་བཅོས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཡོངས་ལ་ཁྱབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
 (དྲུག)   སྨན་བཅོས་སྐྱོབ་རོགས་དེ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཡོངས་ལ་ཁྱབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
 (བདུན།) གཤག་བཅོས་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ལིང་ཏོག་ནད་ཕོག་མཁན་ལ་རིན་པ་མི་ལེན་པའི་སྨན་བཅོས་ཐོབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
 (བརྒྱད།) ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ལོ་འཁོར་གྱི་གཏོང་སྤྲོད་དེ་ནད་བརྟག་སྤོ་སྒྱུར་དང་སྨན་ཁང་སྤོ་སྒྱུར་ཚད་གཞི་དང་མཐུན་པའི་སྨན་བཅོས་གྲོན་དངུལ་ཏེ་རང་ས་གནས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་ཆོག་པའི་ཡོང་འབབ་ལས་མི་བརྒལ་བ་བྱ་རྒྱུ་ཁག་ཐེག་ཏན་ཏིག་བྱེད་དགོས།
 (དགུ) དབུལ་ཕོངས་རྫོང་གི་ཞྭ་མོ་འཕུད་དུས་མ་མཐའ་ཡང་རྫོང་རིམ་པ་ཡན་གྱི་གཞུང་བཙུགས་སྨན་ཁང་རིམ་པ་གཉིས་པའི་སྨན་ཁང་གི་ཚད་གཞིར་ལོངས་པའི་(མི་འབོར་ཁྲི་30ཡན་ཡོད་པའི་རིམ་པ་གཉིས་པའི་ཀ་རིམ་པར་ཟིན་པ)སྨན་ཁང་ཁག་1ཡོད་པ་དང་། ཤང་དང་གྲོང་རྡལ་རེ་ལ་ཚད་ལྡན་ཅན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་1ཡོད་པ། སྲིད་འཛིན་གྲོང་སྡེ་རེ་ལ་ཚད་ལྡན་ཅན་གྱི་གྲོང་སྡེའི་འཕྲོད་བསྟེན་ཁང་རེ་ཡོད་ཐུབ་པ་བྱ་རྒྱུ་ཁག་ཐེག་ཏན་ཏིག་བྱེད་དགོས།
     བཞི་པ། འགན་ལེན་བྱ་ཐབས་འགངས་ཆེན་བཞི་ལག་བསྟར་བྱས་ཏེ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱིས་“ནད་བཅོས་ཐུབ”ཏུ་འཇུག་དགོས།
     གཅིག  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་100%གཞི་རྩའི་སྨན་བཅོས་འགན་ལེན་དང་ནད་ཆེན་འགན་ལེན་དུ་ཞུགས་པར་ཁག་ཐེག་ཏན་ཏིག་བྱེད་དགོས།   ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་འགན་ལེན་དུ་ཞུགས་པའི་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཁག་དེ་ནོར་སྲིད་ཀྱིས་གྲངས་འབོར་ཡོངས་སུ་གསབ་སྣོན་བྱེད་རྒྱུ་རེད།
     གཉིས། གཞི་རྩའི་སྨན་བཅོས་འགན་ལེན་གྱི་གཟིགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་རྒྱུ།
     (གཅིག) ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱིས་སྒོ་བསྟེན་སྨན་ཁང་ནས་སྨན་བཅོས་བྱས་པའི་སྨན་རིན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་གྱི་སྒོ་ནས་ཆ་ཚང་རྩིས་སྤྲོད་བྱས་ཆོག་པ་རེད། སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་གཞི་རྩིའི་སྨན་བཅོས་འགན་བཅོལ་དངུལ་གྱིས་ལོ་གཅིག་གི་རྩིས་ཞུ་བྱེད་ཆོག་པའི་ཆེས་མཐོའི་དངུལ་གྲངས་དེ་ཤང་གྲོང་གཞན་པ་དང་བསྡུར་ན་5%འཕེལ་ཡོད་ལ། ནད་རིགས་28ཀྱི་སྒོ་བསྟེན་སྨན་རིན་རྩིས་ཞུ་བྱེད་ཆོག་པའི་བསྡུར་ཚད་དེ་80%འཕེལ་ཡོད་པ་རེད། (དེའི་ཁྲོད་སྨྱོ་ནད་དང་མཁལ་ནད་སོགས་ལྕི་བའི་ནད་རིགས་ཀྱི་སྒོ་བསྟེན་སྨན་བཅོས་རྩིས་ཞུ་བྱེད་པའི་བསྡུར་ཚད་90%འཕེལ་ཡོད། )
     (གཉིས།) ཞག་སྡོད་སྨན་བཅོས་བྱེད་པའི་ལྟ་སྐྱོང་གི་ཁ་ཕྱོགས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཤང་གྲོང་འཕྲོད་བསྟེན་ཁང་ནས་ཞག་སྡོད་སྨན་བཅོས་བྱེད་པར་བཙུགས་པའི་དངུལ་སྤྲོད་ལས་གནས་མེད་པར་བཟོས་ཤིང་། འོས་འཚམ་ཡིན་པའི་སྨན་རིན་ཆ་ཚང་རྩིས་ཞུའི་ནང་ཚུད་ཐུབ་པ་བྱས་ཡོད།  རིམ་དབྱེ་སྨན་བཅོས་དང་འགྲོ་ལུགས་ལྟར་སྨན་ཁང་བརྗེ་བར་འོས་འཚམ་ཡིན་པའི་ཞག་སྡོད་སྨན་བཅོས་པར་སྔར་ཡོད་རྩིས་ཞུ་བྱེད་ཆོག་པའི་རྨང་གཞིའི་སྟེང་5%འཕེལ་ཡོད། (ཤང་རིམ་པ་95%དང་། རྫོང་(གྲོང་ཁྱེར་)རིམ་པ་85%། ཁུལ་དང་ཁུལ་རིམ་པའི་དམངས་གཉེར་སྨན་བཅོས་སྒྲིག་གཞི་ནས་75%། ཁུལ་ཕྱི་ནས་65%བཅས་འཕེལ་ཡོད)།   ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་གཅིག་ཐོག་དང་པོ་སྨན་ཁང་དུ་སྡོད་དུས་(སྒོ་བསྟེན་དམིགས་གསལ་ནད་པའི་ལྟ་སྐྱོང་ཚུད་པའི་)སྨན་རིན་རྩིས་ཞུའི་བསྡུར་ཚད་70%ཡན་ཡིན་ལ། 70%མི་ཟིན་པར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེངས་གཉིས་པ་བྱས་ནས་སྨན་རིན་རྩིས་ཞུ་བྱ་བ་རེད། དེ་མིན་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཚད་བཀག་ཡོད་པའི་དངུལ་གྲངས་དེ་ནད་གཞི་ཆེན་པོའི་འགན་བཅོལ་གྱི་སྟེང་ནས་70%སླེབས་པར་བྱ་ངེས་ལ། དེ་མིན་བདེ་ཐང་སྐོར་གྱི་ལས་གཞི་20སྨན་བཅོས་འགན་ལེན་ནང་ཚུད་པར་བྱས་ཡོད། 
     (གསུམ།)  འགན་བཅོལ་གྱི་རྒྱ་ཇེ་ཆེར་གཏོང་བ། 2017ལོ་ནས་བཟུང་སྨན་བཅོས་འགན་བཅོལ་སྲིད་ཇུས་གྱི་ནང་ཚན་དུ་སྨན་རིན་རྩིས་ཞུ་བྱེད་ཆོག་པའི་སྨན་རིགས་2888དང་སྨན་བཅོས་ལས་གཞི་5003ལ་བསླེབས་ཡོད། 
     གསུམ། ནད་གཞི་ཆེན་པོའི་འགན་བཅོལ་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁ་ཕྱོགས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ནད་གཞི་ཆེན་པོའི་འགན་བཅོལ་སྨན་རིན་50%མར་བབས་ཡོད་ལ་(དངུལ་གྲངས་2500ཡིན)།  ནད་གཞི་ལྕི་བའི་ལོ་གཅིག་གི་འགན་བཅོལ་སྨན་རིན་སྤྲོད་ཚད་50% འཕེལ་ཡོད་(དངུལ་གྲངས་སྒོར་ཁྲི་22.5)།  ཡིག་ཚགས་དང་གཱ་བཟོས་པའི་སྲིད་ཇུས་ནང་ཚན་གྱི་མི་གྲངས་ཁྲོད་མི་སྒེར་གྱིས་སྤྲད་པའི་སྨན་བཅོས་དངུལ་གྲངས་ཁྱོན་བསྡོམས་སྒོར་2500ལས་བརྒལ་ཚེ་ནད་གཞི་ཆེན་པོའི་འགན་བཅོལ་སྨན་རིན་གཤམ་གྱི་དབྱེ་བ་ལྟར་སྤྲད་ཆོག་པ་རེད།  སྒོར་2500(2500 འདུས་པའི་)མན་གྱི་མི་སྒེར་གྱིས་སྨན་རིན་སྤྲད་པ་ལ་རྩིས་ཞུ་བྱེད་མི་ཐུབཔ་རེད། སྒོར་2500ཡན་དང་ཁྲི་1མན་སྤྲད་པའི་(ཁྲི་1འདུས་)ཆ་ཤས་ཀྱི་སྨན་རིན་རྩིས་ཞུ་ཐུབ་པའི་བསྡུར་ཚད་ནི་70%ཡིན། སྒོར་མོ་ཁྲི་1ཡན་དང་ཁྲི་3(ཁྲི་3འདུས་)མན་སྤྲད་པའི་ཆ་ཤས་ཀྱི་སྨན་རིན་རྩིས་ཞུ་བྱེད་ཐུབ་པའི་བསྡུར་ཚད་ནི་75% ཡིན།  ཁྲི་གསུམ་ཡན་དང་ཁྲི་6(ཁྲི་6འདུས་)སྤྲད་པའི་ཆ་ཤས་ཀྱི་སྨན་རིན་རྩིས་ཞུ་བྱེད་ཐུབ་པའི་བསྡུར་ཚད་ནི་80%ཡིན། ཁྲི་6ཡན་སྤྲད་པའི་ཆ་ཤས་ཀྱི་སྨན་རིན་རྩིས་ཞུ་བྱེད་ཐུབ་པའི་བསྡུར་ཚད་ནི་90%ཡིན་པ་རེད། 
     བཞི། སྨན་བཅོས་རོགས་སྐྱོར་ལམ་ལུགས་དོན་འཁྱོལ་ཐུབ་པ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ཆེས་དམའ་བའི་དངུལ་སྤྲོད་ཚད་ཐིག་དང་ཁྱོན་བསྡོམས་ལོ་གཅིག་གི་ཆེས་མཐོའི་དངུལ་སྤྲོད་ཚད་སྒོར་ཁྲི་10ལ་སླེབས་ཆོག་པའི་ཚད་ཐིག་མེད་པར་བཟོས་ཤིང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱིས་སྨན་ཁང་བརྗེས་ནས་སྨན་ཁང་དུ་སྡོད་པའི་ཚད་གཞི་དང་མཐུན་པའི་སྨན་རིན་དེ་སྲིད་ཇུས་ནང་ཚན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ། དེ་མིན་ནད་གཞི་ལྕི་བའི་འགན་བཅོལ་སྨན་རིན་སོགས་རྩིས་ཞུ་ཐུབ་པའི་བསྡུར་ཚད་90%མི་ལོན་པ་ལ། སྨན་བཅོས་རོགས་བསྐྱོར་བརྒྱུད་ནས་སྨན་རིན་རྩིས་ཞུའི་བསྡུར་ཚད་90%ཟིན་དུ་འཇུག་ལ། རྫོང་(གྲོང་ཁྱེར)རིམ་པའི་སྲིད་གཞུང་གིས་སྡེབ་སྒྲིག་བྱས་པ་བརྒྱུད་ནས་སྨན་བཅོས་རོགས་སྐྱོར་དང་མཐའ་སྐྱོང་འགན་སྲུང་མངོན་འགྱུར་ཐུབ་པ་བྱེད་དགོས། 
     ལྔ། མཐའ་སྐྱོང་འགན་སྲུང་གི་སྨན་རིན་སྒྲིག་གཞི་འཛུགས་པ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཆེན་པོའི་སྨན་བཅོས་འགན་ལེན། སྨན་བཅོས་རོགས་སྐྱོར་སོགས་བརྒྱུད་ནས་སྨན་རིན་རྩིས་ཞུ་བྱས་རྗེས། སྨན་ཁང་བརྗེ་བའི་ཆ་རྐྱེན་དང་མཐུན་པའི་ཞག་སྡོད་སྨན་རིན་གྱི་ཁ་གསབ་བསྡུར་ཚད་90%ལ་སླེབས་མི་ཐུབ་པ་དང་།   མི་སྒེར་གྱིས་ལོ་གཅིག་ལ་སྤྲད་པའི་དངུལ་གྲངས་སྨན་ཁང་བརྗེ་ཆོག་པའི་ཞག་སྡོད་སྨན་བཅོས་བྱེད་པའི་སྨན་རིན་ཡང་ས་གནས་སྡོད་དམངས་གྱི་བཀོལ་སྤྱོད་ཆོག་པའི་ཡོབ་འབབ་དང་བརྒལ་མི་ཐུབ་པའི་ཆ་ཤས་དེ་གྲོང་ཁྱེར་སྲིད་གཞུང་གིས་གྲབས་གསོག་མ་དངུལ་གྱི་ངོས་ནས་མཐའ་སྐྱོང་འགན་སྲུང་བྱེད་ཆོག་པ་རེད། 
      དྲུག ནད་གཞི་ཆེན་པོའི་ཆེད་གཉེར་ལས་གཞི་གཅིག་བསྡུས་སྨན་བཅོས་བྱེད་རྒྱུ་ལག་བསྟར་བྱས་པ། 2017 ལོར་ནད་གཞི་ཆེན་པོའི་ཆེད་གཉེར་ལས་གཞིའི་གཅིག་བསྡུས་སྨན་བཅོས་བྱེད་པ་དེ་དབུལ་ཕོངས་ཤང་གྲོང་སོ་སོར་ཡོངས་ཁེབས་བྱས་ཡོད་ལ། རིགས་9དང་ནད་རིགས་ལྕི་མོ་15ཡི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ནད་པར་གཅིག་བསྡུས་སྨན་བཅོས་བྱས་ཏེ། 2018ལོར་ནད་པ་སོ་སོར་སྨན་བཅོས་ཐུབ་པར་ཁག་ཐེག་བྱེད་པ་རེད། སྨན་བཅོས་བྱེད་པའི་སྨན་རིན་ནད་གྱི་རིགས་ལྟར་སྤྲོད་དགོས་ལ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཆེན་པོའི་་འགན་ལེན་ལྟར་སྨན་རིན་གྱི་85%རྩིས་ཞུ་བྱེད་ལ། དེའི་ཁྲོད་སྨྱོ་ནད་དང་མཁལ་ནད་སོགས་ནད་གཞི་ཆེན་པོའི་རིགས་ལ་90%རྩིས་ཞུ་ཐུབ་པ་རེད། ལྷག་ཡོད་པའི་ཆ་ཤས་དེ་སྨན་བཅོས་རོགས་སྐྱོར་དང་མཐའ་སྐྱོང་འགན་སྲུང་གཉིས་སྡེབ་སྒྲིག་བྱས་པ་བརྒྱུད་ནས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ནད་པའི་མི་སྒེར་གྱིས་སྤྲད་དགོས་པའི་སྨན་རིན་10%ཡི་ནང་ཚུད་དུ་ཚོད་འཛིན་ཐུབ་པ་བྱ་ངེས་རེད།  
     ལྔ་པ།  དམངས་བདེ་དང་དམངས་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་དེ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ལ་ནད་བཅོས་པར་སྟབས་བདེ་སྤྲོད་པ།
     གཅིག  གྲོང་ཁྱེར་ནང་ཁོངས་སུ་སྔར་བརྟག་བཅོས་བྱས་པ་དང་ཕྱིར་སྨན་ཡོན་སྤྲོད་པར་ལག་བསྟར་བྱེད།   ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱིས་གྲོང་ཁྱེར་ནང་ཁོངས་ཀྱི་དམིགས་འཛུགས་སྨན་ཁང་དུ་སྡོད་སྐབས།  སྤྱི་ཚོགས་ཀྱི་འགན་སྲུང་གཱ་དང་ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་འཛིན་ནས་སྨན་ཁང་ནང་སྡོད་པའི་འགྲོ་ལུགས་འགྲིམ་པ་དང་།  སྨན་ཁང་བར་སྔར་བརྟག་བཅོས་དང་ཕྱིར་སྨན་ཡོན་སྤྲོད་པའི་གྲོས་མཐུན་བཞག་ན། སྨན་ཁང་ནང་སྡོད་པའི་གཏའ་དངུལ་སྤྲོད་མི་དགོས་པ་དང་ཐད་ཀར་སྨན་ཁང་དུ་སྡོད་ནས་སྨན་བཅོས་བྱེད་ཆོག     དངོས་ནས་དཀའ་ངལ་ཡོད་མཁན་གྱིས་སྨན་ཁང་ནས་ཐོན་དུས་ལན་གཅིག་མར་སྨན་ཡོན་སྤྲོད་མི་ཐུབ་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ནད་པ་ཡིས་སྨན་ཁང་བར་སྔར་བརྟག་བཅོས་དང་ཕྱིར་སྨན་ཡོན་སྤྲོད་པའི(དུས་འགྱངས་དང་དུས་བགོས་སྨན་ཡོན་སྤྲོད་པའི་)གྲོས་མཐུན་བཞག་ནས་སྨན་ཁང་ནས་ཐོན་པའི་འགྲོ་ལུགས་འགྲིམ་ཆོག
     གཉིས།  དམིགས་འཛུགས་སྨན་ཁང་གིས་གཅིག་འཐུས་ཀྱིས་འཕྲལ་དུ་མཇུག་རྩིས་དང་རྩིས་ཞུའི་ཞབས་ཞུ་ལག་བསྟར་བྱེད་པ།  གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག   དམངས་སྲིད་སྡེ་ཁག  འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྡེ་ཁག  དབུལ་སྐྱོར་སྡེ་ཁག་སོགས་ཀྱིས་འབྲེལ་མཐུད་དང་མཉམ་སྒྲུབ་བྱེད་ཤུགས་ཆེར་གཏོང་དགོས།  རྨང་གཞིའི་སྨན་བཅོས་དང་ནད་ཆེན་འགན་ལེན།  སྨན་བཅོས་སྐྱོབ་རོགས།  མཐའ་སྐྱོང་འགན་ལེན་གྱི་སྒེའུ་ཁུང་གཅིག་འགྱུར་དང་། ཆ་འཕྲིན་སྟེགས་བུ་གཅིག་འགྱུར་བྱས་ནས་གཅིག་འཐུས་ཀྱིས་འཕྲལ་དུ་མཇུག་རྩིས་དང་རྩིས་ཞུ་སྐུལ་སྤེལ་གཏོང་དགོས།  ནད་པས་མི་སྒེར་གྱིས་སྤྲོད་དགོས་པའི་སྨན་ཡོན་སྤྲོད་ན་ཆོག
     གསུམ།   ཁྱིམ་ཚང་གི་སྨན་པའི་གན་རྒྱ་འཇོག་པ་ཕྱོགས་ཡོངས་ནས་ཁྱབ་པ།   ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཁྱབ་ཚད་100%ཟིན་དགོས།  རྒྱལ་ཁབ་ཀྱི་རྨང་གཞིའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དོན་དུ་འཁྱོལ་བ།   ལོ་ན་65ཡན་གྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ལ་ལོ་ལྟར་རིན་མི་དགོས་པའི་བདེ་ཐང་ཞིབ་བཤེར་ཐེངས་རེ་སྤེལ།
     དྲུག་པ།     སྨན་བཅོས་ཞབས་ཞུའི་ནུས་པ་གོང་དུ་གཏོང་བ་དང་ཡིག་ཚགས་དང་གཱ་བཟོ་བའི་དབུལ་ཕོངས་མི་འབོར་ལ་སྨན་བཅོས་བྱེད་ཐུབ་ཏུ་བཅུག་པ།
     གཅིག   གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་མི་སྣའི་རུ་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེར་གཏོང་བ།
     གཉིས།   མི་སེམས་བཟུང་བ་དང་མི་འཇོག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།   ཕུལ་བྱུང་མི་སྣས་གཞི་རིམ་དུ་བསྐྱོད་པར་སྐུལ་སྤེལ་གཏོང་བ།
     གསུམ།   ཕྱོགས་ཡོངས་ནས་གྲོང་ཁྱེར་རིམ་པའི་སྨན་ཁང་གི་ཞབས་ཞུ་ནུས་པ་གོང་དུ་གཏོང་བ།
     བཞི།  ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་སྡེའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ།
     ལྔ།  གཞི་རིམ་སྨན་ཁང་གི་ཀྲུང་ལུགས་སྨན་བཅོས་ཀྱི་ཞབས་ཞུ་ནུས་པ་གོང་དུ་གཏོང་བ།
     དྲུག  ཕྱོགས་ཡོངས་ནས་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་མ་ལག་བསྐྲུན་པ།
     བདུན།   རྫོང་དང་གྲོང་ཁྱེར།   ཤང་།  གྲོང་སྡེའི་སྨན་བཅོས་ཀྱི་ཐུན་མོང་རྩ་འཛུགས་བསྐྲུན་པར་སྐུལ་སྤེལ་གཏོང་བ།
     བདུན་པ།  ནད་གཞིའི་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེར་གཏོང་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ལ་གང་ལྕོགས་ཅི་ལྕོགས་ཀྱིས་ནད་ན་བ་ཉུང་དུ་གཏོང་བ།
     གཅིག   གལ་ཆེན་ནད་གཞིའི་ཚོད་འཛིན་བྱེད་ཤུགས་ཆེར་གཏོང་བ།  འགོ་ནད་དང་རྒྱུན་ནད།  ཚབས་ཆེན་སྨྱོ་ནད་ན་བའི་ནད་པའི་དོ་དམ་གྲོང་ཁྱེར་ཡོངས་ལ་ཁྱབ་པ།   ལོ་རན་བྱིས་པ་ལ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་གཞིའི་རིམས་རྩི་འདེབས་འཛུགས་བྱེད་ཚད་95%ཟིན་པ་ཁག་ཐེག་བྱེད་དགོས།
     གཉིས།   དབུལ་ཕོངས་ས་ཁུལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་གོང་དུ་གཏོང་དགོས།
     གསུམ།   ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཤུགས་ཆེར་སྤེལ་བ་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ།
     བཞི།  བདེ་ཐང་སྐུལ་འདེད་དང་བདེ་ཐང་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་།  ཧུར་ཐག་གིས་བདེ་ཐང་བྱང་ཚད་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ།  བདེ་ཐང་གི་འདུ་ཤེས་གོང་དུ་གཏོང་བ།
     ལྔ།  ཞིང་སྡེའི་སློབ་གྲྭ་འབྲིང་ཆུང་གི་ལུས་ཁམས་བདེ་སྲུང་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བ།
 ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་བྱ་ཐབས་ཁག་30་དྲིལ་བསྒྲགས་དང་མཐའ་འཁྱོངས།  དོན་འཁྱོལ་བྱས་ནས།  རང་གྲོང་ཁྱེར་གྱི་བདེ་ཐང་དབུལ་སྐྱོར་ལས་ཀ་སྐུལ་སྤེལ་ནུས་ལྡན་གཏོང་བར་ཁག་ཐེག་བྱེད།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ལ་མི་སྒེར་གྱི་སྨན་ཡོན་ཇེ་ཉུང་དུ་གཏོང་ཐུབ་པ་དང་།  ཕྱོགས་ཡོངས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་གོང་དུ་གཏོང་བ།  སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་ལེགས་བཅོས་བྱེད་པ་དང་།  མི་དམངས་ལ་ནད་ཕོག་རྐྱེན་དབུལ་པོར་གྱུར་པ་དང་ནད་ཕོག་རྐྱེན་དབུལ་པོར་ཕྱིར་ལོག་པའི་གནད་དོན་ཐག་གཅོད་བྱེད་པ།  གོམ་པ་མཉམ་པོའི་སྒོ་ནས་འབྱོར་འབྲིང་དུ་སྐྱོད་པའི་དམིགས་ཡུལ་སྒྲུབ་དགོས།
                                                                                                                     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས།
                                                                                                                             2017ལོའི་ཟླ12པའི་ཚེས་20ཉིན།