སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱལ་ངང་མཇུག་སྒྲིལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་29ཉིན་གྱི་ཕྱི་དྲོར།སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཁུལ་ཨུའི་སྙན་ཞུ་ཐིང་དུ་གཟབ་རྒྱས་ངང་མཇུག་སྒྲིལ་བ།ཀུའུ་ཁུན་དང་ཆི་ཅན་ཞིན་གདན་ཞུས་ལྟར་ཚོགས་ཆེན་དུ་ཞུགས་པ་དང་ཀྲུའུ་ཞིའི་སྟེབས་བུར་བསྡད་ཡོད།

      ཐེངས་འདིའི་གྲོས་ཚོགས་སུ་ཕེབས་དགོས་པའི་ཨུ་ཡོན་226ཡོད་པ་དང་།དངོས་སུ་176ཕེབས་ཡོད་པ་དེ་སྲིད་གྲོས་ཀྱི་སྲོལ་ཡིག་དང་མཐུན་པ་རེད།



      ཏུའུ་ཡུང་ཁྲོན་གྱིས་མཇུག་སྒྲིལ་ཚོགས་ཆེན་གཙོ་སྐྱོང་བྱས་པ་དང་ཤིས་ཚིག་གནང་བ་རེད།  



ཚོགས་ཆེན་གྱི་ཡུལ་དངོས།


      ཚོགས་ཆེན་ཐོག་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་གྲོས་འཆམ་བྱུང་བ་དང་།ཀྲུང་གོའི་མི་དམངས་ཆབ་སྲིད་མཉམ་གྲོས་གྲོས་ཚོགས་ཀྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིའི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ལ་ཞིབ་དཔྱད་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་འཆམ་བྱུང་བ།ཀྲུང་གོའི་མི་དམངས་ཆབ་སྲིད་མཉམ་གྲོས་གྲོས་ཚོགས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་གྲོས་འཆམ་བྱུང་བ་རེད།

ཚོགས་ཆེན་གྱི་ཡུལ་དངོས།

      གྲོས་ཚོགས་ཀྱིས་ཁུལ་ཡོངས་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་དམ་འཛིན་བྱེད་པ་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཞིང་།ཀྲུང་གུང་བདེ་ཆེན་ཁུལ་ཨུས་ཞུམ་མེད་ཀྱིས་འགོ་ཁྲིད་བྱས་པའི་འོག  མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་བློ་བརྟན་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པ།ཐོག་མའི་བསམ་འདུན་མི་བརྗེད་པ་དང་།འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས།བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་དུ་གྱུར་བར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད