རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས31ཉིན་གྱི་ཕྱི་དྲོར་ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་གཟབ་རྒྱས་ངང་མཇུག་སྒྲིལ་བ་རེད།
ཐེངས་འདིའི་གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི་251ཡོད་པ་དང་།དངོས་སུ་འཐུས་མི་225ཞུགས་ཡོད་པ་དེ།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
གྲོས་ཚོགས་ཐོག་ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་གྲོས་ཆོདདང་།བདེ་ཆེན་ཁུལ་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ།2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད།བདེ་ཆེན་ཁུལ་2017ལོའི་ས་གནས་ནོར་སྲིད་སྔོན་རྩིས་ཀྱི་ལག་བསྟར་གནས་ཚུལ་དང་2018ལོའི་ས་གནས་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད།བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུའི་གྲོས་ཆོད།བདེ་ཆེན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུའི་གྲོས་ཆོད།བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་མཐུན་བྱུང་བ་རེད།
ཚོགས་ཆེན་ཐོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་།ཁུལ་མི་དམངས་སྲིད་གཞུང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་བ་དང་།ནོར་སྲིད་ཀྱི་འཆར་གཞི་དང་སྙན་ཞུར་འདྲི་དཔྱོད་བྱས་ནས་ཆོག་མཆན་གནང་། ཁྲིམས་ལྟར་རང་ཁུལ་གྱི་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རུ་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་བ་དང་།ཞིང་ཆེན་ཡོངས་སུ་དང་ཐོག་ཏུ་ཁུལ་དང་གྲོང་ཁྱེར་ཁག་གི་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་མི་སྣ་དང་པོ་བདམས་ཐོན་བྱུང་ལ། འདིས་རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་ཀ་དེ་བདེ་ཆེན་དུ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བར་མཚོན། ཚོགས་ཆེན་ཐོག་ད་དུང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་སོགས་བདམས་ཐོན་བྱུང་བ། གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་གསུམ་གྱིས་བཅའ་ཁྲིམས་ལ་དམ་བཅའ་བྱས་པ་རེད།
ཚོགས་ཆེན་གྱིས་ལོ་གསར་པའི་ནང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཞུམ་པ་མེད་པའི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མི་བརྗེད་པར། འགན་ཁྲིད་ཡིད་ལ་བརྟན་པོར་འཆང་སྟེ། འགན་ཁྲིད་འཁུར་སེམས་དྲག་པོས་ཏང་དང་མི་དམངས་ཡིད་ལ་ཚིམ་པའི་ལས་ཀ་སྒྲུབ་དགོསཔའི་འབོད་སྐུལ་གནང་།
གྲོས་ཚོགས་དེ་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞི་དང་།ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཕུའུ་ལུའུ་ཧྭ་ཡིས་གཙོ་སྐྱོང་གནང་བ།