རྩོམ་པ་པོ།   པདྨ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-01-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཁ་སང་ནི་སྤྱི་ལོའི་ལོ་གསར་ཡིན་པ་དང་། ལོ་གསར་ཚེས་པ་ན་སེམས་ཀྱི་ཉི་ཟླའི་ཉི་སེར་ཐང་ཆེན་དུ་མི་ཚོགས་ཀྱིས་བཀང་ནས་དགའ་སྤྲོའི་འཁྲུག་ཆ་དོད་ཅིང་། དུས་ཆེན་གྱི་རྣམ་པ་ཞིག་གང་སར་ཁྱབ་འདུག
བདེ་ཆེན་གྱི་ཁུལ་དང་གྲོང་ཁྱེར་ནས་ཡོང་བའི་སྲིད་འཛིན་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་སྡེ་ཚན། བཅའ་སྡོད་དམག་དཔུང་། སློབ་གྲྭ། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་ཁག་གི་ལུས་རྩལ་ལ་དགའ་སྣང་ཡོད་པའི་མི་སྣ3500ལྷག་དང་། གྲལ་སྒྲིག་རུ་ཁག་ཉེར་གཉིས་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་སེམས་ཀྱི་ཉི་ཟླའི་ཉི་སེར་ཐང་ཆེན་དུ་འཛོམས་ནས། 2018 ལོའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བདེ་ཆེན་སེམས་ཀྱི་ཉི་ཟླའི་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་ལོ་གསར་གྲོང་བཤགས་རྒྱུགས་འགྲན་ནང་ཞུགས་ཡོད།
ཆུ་ཚོད་བཅུ་པའི་ཐོག་དངོས་སུ་རྒྱུག་འགྲན་གྱི་འགོ་བརྩམས་ཤིང་། ལམ་ཐིག་ནི་ཉི་སེར་ཐང་ཆེན་ནས་འགོ་བརྩམས་ཏེ་རྒྱང་བསྐྱོད་ལམ་བརྒྱུད་ཅིང་ཟངས་རྟར་སྐོར་བ་བརྒྱབ་སྟེ་ཕྱིར་རྒྱང་བསྐྱོད་ལམ་བརྒྱུད་ནས་ཉི་སེར་ཐང་ཆེན་དུ་འཛོམས་རྒྱུ་དེ་ཡིན། རྒྱུག་འགྲན་གྱི་བར་གསེང་ནས་ལོ་གསར་བསུས་ཤིང་རྒྱུག་འགྲན་གྱི་ཁྲོད་ནས་སྤྲོ་སེམས་མངོན་ཡོད། ཐེངས་འདིའི་བྱེད་སྒོའི་ཁྲོད་ལོ་77ལ་སླེབས་པའི་རྒན་རྒོན་ཡོད་ཅིང་།ལོ་ན5དང6ཅན་གྱི་བྱིས་པ་ཡང་ཡོད། རྒྱུག་འགྲན་བྱེད་པའི་གོ་རིམ་ཁྲོད་ལུས་ལ་རྔུལ་ཆུས་བརླན་ན་ཡང་དགའ་སྐྱིད་ཀྱི་སྤྲོ་སྣང་མངོན་སུམ་གྱིས་ཉམས་སུ་མྱོང་ཐུབ་ཅིང་། འདི་ལས་མི་དམངས་ཀྱི་འཚོ་བ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ་དང་། དམངས་ཡོངས་ལུས་སྦྱོང་ལས་བདེ་ཐང་གི་དོན་སྙིང་ལ་ངེས་ཤེས་རྙེད་ཡོད་པ་ཡང་ཚོར་ཐུབ།
ལོ་གསར་པ། ཉི་མ་གསར་བ། མ་འོངས་པའི་ལམ་གསར་བ། བདེ་ཆེན་མཐོ་སྒང་དུ་སྤྱིར་ན་དགུན་གྱི་གྲང་ངར་གྱིས་གཙེས་ཡོང་ན་ཡང་ལུས་རྩལ་ལ་དགའ་བའི་མི་རྣམས་ཀྱི་སྤྲོ་སྣང་དེ་སུས་ཀྱང་འགོག་ཐུབ་ཀྱི་མེད། ལུས་རྩལ་ལ་དགའ་མཁན་ཚོས་ཞོགས་པའི་ཉི་གཞོན་གདོང་གིས་བསུ་བཞིན་ལྷད་མེད་ཀྱི་འཛུམ་མདངས་མངོན་ཞོར་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་གྱི་ཕྱོགས་སུ་རྒྱུག་ཅིང་མཆིས།