རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-04   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས28ཉིན་གྱི་དུས་ཚོད་14བར། ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཡིག་ངོས་ཀྱི་གྲོས་གཞི74འབྱོར་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། གྲོས་གཞི74ཁྲོད་དུ།ཞིབ་བཤེར་དང་ཨུ་ཡོན་གྱི་མོས་མཐུན་བསྡུ་ལེན་བྱས་པ་བརྒྱུད། ཆེད་ཐོ་འགོད་མི་ཐུབ་པའི་གྲོས་གཞི་2ཡོད་པ་དང་། ཆེད་ཐོ་འགོད་པའི་གྲོས་གཞི70ཡོད་པ་རེད། འདིའི་ཁྲོད་དུ། ཐུན་མོང་དུ་གྲོས་གཞི་འདོན་པའི་གྲོས་གཞི་12ཡོད་པ་དེ18.6%ཟིན་པ་དང་། ཨུ་ཡོན་གྱིས་འདོན་པའི་གྲོས་གཞི57ཡོད་པ་དེ་81.4%ཟིན་ཡོད་པ་རེད། གྲོས་གཞི་འདི་དག་རིགས་བགར་ན། དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི21ཡོད་པ་དང་ ཆབ་སྲིད་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་12ཡོད་པ། རིག་གནས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་9ཡོད་པ། སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི20དང་སྐྱེ་ཁམས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི8 གཙོ་གནད་གྲོས་གཞི10བདམས་ཐོན་བྱུང་ཡོད་པ་རེད།