སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་བཏོན་པའི་ཕུལ་བྱུང་གྲོས་གཞི་ལ་བརྡ་ཁྱབ་ཀྱི་ཐོག་ནས་གཟེངས་བསྟོད་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-04   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། སྟོབས་ཤུགས་གཅིག་བསྡུས་དང་ལས་དོན་སྐུལ་སྤེལ་བྱ་ཆེད། ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་བཞི་བའི་ཀྲུའུ་ཞི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པ་བརྒྱུད་ནས། ཨུ་ཡོན་ཐལ་བུ་ཡིས་བཏོན་པའི་《སྔར་ལས་ལྷག་པར་བདེ་ཆེན་གྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་མཆོག་འགྱུར་གྱིས་བདེ་ཆེན་གྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་བཏང་བའི་འབྲེལ་ཡོད་གྲོས་གཞི་》སོགས་ཕུལ་བྱུང་གྲོས་གཞི་13ལ་བརྡ་ཁྱབ་ཀྱི་ཐོག་ནས་གཟེངས་བསྟོད་བྱས་པ་རེད། 
         ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་བོ་འཚོགས་པ་ནས་བཟུང་། སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་དང་སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་ཡོངས། ཆེད་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་དར་ཆ་ཐོན་པོ་སྒྲེངས་བར་བྱས་ནས། ནན་ཏན་གྱི་སྒོ་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་མཛོམས་གྲོས་ཚོགས་ཐེངས་གསུམ་པ། བཞི་བ། ལྔ་བ།  དྲུག་པ། བདུན་པ། དེ་མིན་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་མཐའ་འཁྱོལ་ཡོང་བར་བྱས་ནས། ཧུར་བརྩོན་གྱིས་ཆབ་སྲོད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོག སྲིད་དོན་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེད་པ་བཅས་ལག་བསྟར་བྱེད་པའི་འགན་ནུས་ཐོན་པར་བྱེད་དགོས་ལ། མཐུན་སྒྲིལ་དམ་པོས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་གཙོ་བོ། རྒྱ་ཆེའི་མང་ཚོགས་ཀྱིས་ཆེས་ཐུགས་ཁུར་བྱེད་སའི་བརྗོད་གཞི་དང་དཀའ་གནད་བཅས་ཀྱི་ཕྱོགས་སུ་འདུས་ནས། གྲོས་གཞིའི་རྣམ་པ་སྤྱད་ནས་ཧུར་བརྩོན་གྱིས་སྲིད་ཞུགས་གྲོས་གླེང་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། བཏོན་པའི་གྲོས་གཞི་ཡིས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཞིང་། རྒྱུ་སྤུས་ཡོད་པའི་ཕུལ་བྱུང་གི་གྲོས་གཞི་སྐོར་ཞིག་ཐོན་པ་རེད།