རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་ཐོག་ཁྱོན་བསྡོམས་བསམ་འཆར་118འབྱོར་བ།
ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ། དམངས་ཆེན་འཐུས་མི་རྣམས་ཀྱིས་དམ་ཟབ་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་ཀ་དང་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་དང་ཁུལ་ཡོངས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྲོད་དུ་གནས་པའི་གནད་དོན་སོགས་ལ་དམིགས་ནས་ཧུར་ཐག་གི་ཐབས་འདོན་ཇུས་འབུལ་བྱས་པ་རེད། ཁྱོན་བསྡོམས་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་118འབྱོར་ཡོད་པ་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་སྒྲུབ་པའི་བསམ་གྲོས107ཡོད་པ་དང་། འདིའི་ཁྲོད་དུ་གཙོ་གནད་བསམ་འཆར3ཡོད་པ་རེད།
མིག་སྔའི་བར་དུ། བསམ་འཆར་ཡོངས་སྒྲུབ་ཚར་བ་མ་ཟད་ཡིག་ངོས་ནས་མི་སྒེར་ལ་དྲིས་ལན་བྱིན་པ་རེད། སྒྲུབ་ལན་སློག་ཚད་དང་ངོ་ཐུག་འཕྲལ་མོལ་ཚད། ཡོད་ཚིམ་ཚད་100%ཡིན་པ་རེད། འདིའི་ཁྲོད་དུ། Aརིགས་བསམ་འཆར52ཡོད་པ་དེ་48.6%ཟིན་པ་དང་། Bརིགས་བསམ་འཆར39ཡོད་པ་དེ་36.4%ཟིན་པ། Cརིགས་བསམ་འཆར16ཡོད་པ་དེ་15%ཟིན་པ་རེད།
ཁུལ་མི་དམངས་སྲིད་གཞུང་དང་སྒྲུབ་འགན་ལས་ཁུངས་སོ་སོས་ཚད་མཐོན་པོའི་སྒོ་ནས་བསམ་འཆར་ལས་ཀ་སྒྲུབ་པ་དང་། མིག་སྔར་སྒྲུབ་བཞིན་པའི་གཉིས་སློབ་གཅིག་བྱེད་ཀྱི་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། རང་ངོས་ཀྱི་དངོས་ཡོད་ལས་ཀ་དང་དམ་ཟབ་བྱས་ནས། བསམ་འཆར་ལེགས་པོ་སྒྲུབ་པ་དང་སྒྲུབ་པའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དེ་གཉིས་སློབ་གཅིག་བྱེད་ལག་བསྟར་གྱི་མཚོན་བྱེད་དུ་རྩིས་པ་རེད།
བསམ་འཆར་དག་ཕྱོགས་གསུམ་གྱི་ཐད་ནས་ཁྱད་ཆོས་མངོན་ཡོད་དེ། གཅིག་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པར་བྱས་པ། འཐུས་མི་རྣམས་ཀྱིས་བདེ་ཆེན་གྱི་འཕེལ་རྒྱས་ལ་དམིགས་ནས། རང་ཁུལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་གཏན་འབེབས་དང་ལག་བསྟར་བྱས་ནས། སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ཐོག་འདོན་པའི་གལ་ཆེའི་འོས་འགན་ལ་དམིགས་ནས། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས། དོན་ཆེན་མང་པོ་དང་དོན་དངོས་མང་པོ་ཚུར་སྣང་བྱས་ནས། རྒྱང་ལྟའི་རང་བཞིན་དང་དགེ་མཚན་ལྡན་པའི་བསམ་འཆར་མང་པོ་བཏོན། གཉིས་ནས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ཐད་འབུར་དུ་ཐོན་པ། འཐུས་མི་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་འགྲིམ་འགྲུལ། འཆར་འགོད་དང་གྲོང་ཁྱེར་དོ་དམ་སོགས་ཐད་ལ་གནས་པའི་གནད་དོན་དང་ཐུགས་ཁུར་བྱས་ནས། གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་དང་གནད་དོན་ལ་དམིགས་ནས་བསམ་འཆར་འདོན་པ་རེད། གསུམ་ནི་དམངས་འཚོར་དོ་ཁུར་འབུར་ཐོན་བྱས་པ། འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་བདེ་སྡུག་རྟོགས་པ་དང་། དམངས་འདུན་མཚོན་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་། སྤྱི་ཚོགས་འགན་སྲུང་མ་ལག་དང་དམངས་དོན་སྒྲུབ་པ་སོགས་ཀྱི་ཐད་དུ་གནས་པའི་གནད་དོན་ལ་ཚད་མཐོའི་དོ་འཁུར་བྱས་ནས། གང་ལེགས་སྒོས་མང་ཚོགས་ཀྱིས་ཁྱོན་ཡོངས་ནས་དོ་ཁུར་བྱས་པའི་གནད་དོན་ཚུར་སྣང་བྱས་ཏེ། སྲིད་གཞུང་གི་ནུས་ཤུགས་ཡོད་དགུ་བཏོན་ནས་དམངས་འཚོའི་གནད་དོན་གང་ལེགས་ཀྱིས་ཐག་གཅོད་བྱེད་པར་མང་ཚོགས་ཀྱི་འདུན་པ་དང་དཔྱད་གཞི་བསམ་འཆར་འདོན་སྤྲོད་བྱས་པ་རེད།