བདེ་ཆེན་ཁུལ་གྱིས་ཡུན་ནན་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་པོ་འཛུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2017ལོའི་ཟླ་12པའི་ཚེས་31ཉིན།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དངོས་སུ་སྒོ་བྱང་བཀལ་ནས་འཛུགས་པ། དེ་ནི་ཡུན་ནན་གྱིས་འཛུགས་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་པོ་ཡིན་ཞིང་། ཡུན་ནན་གྱི་ལྟ་ཞིབ་ལམ་ལུགས་བསྒྱུར་བཅོས་ཀྱིས་གོམ་སྟབས་བརྟན་པོ་སྤོས་ཡོད་མཚོན་པ།

      སྒོ་བྱང་བཀལ་བའི་ཉིན་དེར།བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བདམས་ཐོན་བྱུང་བ།ཁུལ་ཨུའི་རྒྱུན་ཨུ།ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཀའོ་ཀུའོ་ཁྲེན་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་ཐོན་བྱུང་བ།ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀའོ་ཀུའོ་ཁྲེན་གྱི་མིང་འདོན་གཞིར་བཟུང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་3དང་ཨུ་ཡོན་5བསྐོ་གཞག་གནང་བ་རེད།

      མིག་སྔའི་བར།བདེ་ཆེན་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་འཛུགས་པ་དང་གཞུང་ལས་ཁང་བཀོད་སྒྲིག་བྱེད་པ་སོགས་ཀྱི་ལས་ཀ་སྒྲུབ་ཟིན་ཏེ།གསར་འཛུགས་བྱེད་པའི་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁུལ་སྒྲིག་ཨུ་དང་གཞུང་དོན་མཉམ་སྒྲུབ་བྱས་ཡོད་པ་རེད།

      རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་ཀྱི་བསྒྱུར་བཅོས་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་ཆབ་སྲིད་ལམ་ལུགས་ཀྱི་བསྒྱུར་བཅོས་ཡིན་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དགོས་ངེས་བླང་བྱ་ཡིན།རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་ལ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཡིན། ཏང་དང་རྒྱལ་ཁབ་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བའི་ནུས་ཡོད་བྱ་ཐབས་ཡིན། ཡུན་ནན་ནི་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ཡིན་ཏེ།བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་དང་བརྟན་བརླིང་ལ་རྒྱུན་འཁྱོངས་བྱེད་དགོས་པ་རེད།ཧུར་ཐག་དང་བརྟན་བརླིང་ངང་ཞིང་ཆེན་ཡོངས་ཀྱི་ལྟ་ཞིབ་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད། ཞིང་ཨུས་བློ་བརྟན་གྱིས་འགོ་ཁྲིད་བྱས་པའི་འོག  ཞིང་ཆེན་སྒྲིག་ཨུས་མཐུན་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས།འབྲེལ་ཡོད་ལས་ཀའི་རྨང་གཞི་ལྡན་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བསྒྱུར་བཅོས་ནང་གོམ་པ་སྔོན་དུ་སྤོས་བ།ཞིང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི་ལུའུ་ཅུན་ཧྭ་2017ལོའི་ཟླ་12པའི་ཚེས་8ཉིན་བདེ་ཆེན་དུ་ཕེབས་ནས་ཆེད་དོན་ཞིབ་འཇུག་བྱས་ནས།བདེ་ཆེན་ཁུལ་གྱིས་ཨ་ལས་བྱེད་པའི་དཔེ་རིས་ལྟར།རང་འགུལ་ངང་ལས་དོན་སྒྲུབ་པ་དང་ཧུར་ཐག་གི་འཚོལ་ཞིབ་བྱེད་པར་མཛུབ་ཁྲིབ་བྱས་ཏེ།ཞིང་ཆེན་ཡོངས་ཀྱིས་ལྟ་ཞིབ་ལམ་ལུགས་བསྒྱུར་བཅོས་བྱེད་པར་ཉམས་མྱོང་གསོག་འཇོག་བྱས་ཡོད།

      བདེ་ཆེན་ཁུལ་གྱིས་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཨུ།ཞིང་ཆེན་སྒྲིག་ཨུས་བཀོད་སྒྲིག་བྱས་པར་ལྟར།དུས་ཐོག་ཏུ་གཏིང་ཟབ་ཀྱིས་ལྟ་ཞིབ་ལམ་ལུགས་བསྒྱུར་བཅོས་བྱེད་པའི་ཚོད་ལྟའི་ལས་བྱེད་ཚོ་ཆུང་བཙུགས་པ་དང་།ཞིབ་ཕྲའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ།ནན་ཏན་གྱིས་འབྲེལ་ཡོད་གོ་རིམ་དང་ལས་ཀའི་ཚོད་གཞི་གཞིར་བཟུང་།ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་16ནང་ཁུལ་དང་གྲོང་ཁྱེར་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་པ་ལ་ཐོག་མར་ལེགས་གྲུབ་བྱུང་བ་རེད།

      བདེ་ཆེན་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་སྒོ་བྱང་བཀལ་བའི་དུས་མཚམས་སུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལྟ་ཞིབ་ལམ་ལུགས་ཀྱི་བསྒྱུར་བཅོས་ལས་ཀ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།