སི་ཁྲོན་བོད་རིགས་ས་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-08   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་དྲ་བ།

    ལོ་གསུམ་རིང་འགག་སྒྲོལ་འབད་འཐབ་བྱས་པ་བརྒྱུད་གཡག་རྔ་ནས་དར་རྩེ་མདོའི་མྱུར་བགྲོད་གཞུང་ལམ་གཡག་རྔའི་རྩྭ་རགས་ནས་ལྕགས་ཟམ་ཁའི་བར་གྱི་དུམ་བུ་2017ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་18ལ་སི་ཁྲོན་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་ཀྱི་ཚོད་ལྟའི་རླངས་འཁོར་གཏོང་འགོ་ཚུགས་པ་ནས་བཟུང་སི་ཁྲོན་བོད་རིགས་ས་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་ཕྱོགས་མཚུངས་སི་ཁྲོན་གྱི་གྲོང་ཁྱེར་དང་ཀྲོའུ་21ཡོངས་རྫོགས་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད།     གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་གཡག་རྔ་ནས་ཤིན་ཅང་ཡེ་ཁྲེང་བར་གྱི་སྦྲེལ་མཐུད་ལམ་དུམ་བུ་ཡིན་པ་དང་རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་135ཡོད་པ་དང་།ཟམ་ཕུག་གི་སྡུར་ཚད་82%ཟིན་པ།ལམ་གཞིའི་ཞེང་ཚད་སྨི་24.5ཟིན་པ།ཕྱོགས་གཉིས་ལ་འཁོར་ལམ་4ཡོད་པ།ཆུ་ཚོད་རེའི་ཇུས་འགོད་མྱུར་ཚད་སྤྱི་ལེ་80ཟིན་པ། རགས་རྩིས་བྱས་ན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་230ཟིན་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས་དཀར་མཛེས་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་འགྲོ་འོང་གི་ཆ་རྐྱེན་ལེགས་བཅོས་ཆེན་པོ་ཡོང་རྒྱུ་མ་ཟད།བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད།

    ད་ཐེངས་རླངས་འཁོར་ཚོད་གཏོང་གི་ལམ་དུམ་བུ་ནི་གཡག་རྔའི་རྩྭ་རགས་ནས་ལྕགས་ཟམ་ཁའི་དུམ་བུའི་བར་ཡིན་པར་ཁྱོན་སྤྱི་ལེ་95ཡོད་པ་དང་།ཟམ་ཕུག་གིས་སྡུར་ཚད་བཟུང་ཚད་70%ཙམ་ཟིན་པའི་ནང་ཕུག་ལམ་17དང་ཟམ་པ་74ཚུད་ཡོད།ལམ་དུམ་བུ་དེ་བསྐྲུན་ནས་རླངས་འཁོར་ཤར་གཏོང་གི་ཚོད་ལྟ་བྱས་རྗེས།ཁྲེང་ཏུའུ་ནས་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཚེ་ཆུ་ཚོད་གཉིས་དང་ཕྱེད་ཀར་དཀར་མཛེས་ཀྲོའུ་ལྕགས་ཟམ་ཁ་རྫོང་དུ་འབྱོར་གྱི་ཡོད་པས་མིག་སྔར་དུས་ཚོད་ཕྱེད་ཀ་ཙམ་ཐུང་དུ་ཕྱིན་ཡོད།