རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-09   རྩོམ་ཁུངས།    མཚོ་སྔོན་པོའི་དྲ་བ།
ཉེ་ཆར།སྐུ་ཞབས་བསྟན་འཛིན“ཀྲུང་གོའི་རིག་གནས་ཐོན་ལས་སློབ་གླིང་གི་ལོ་བརྒལ་ཐད་གཏོང་དགོང་ཚོགས(2018)”སུ་ཞུགས་ཤིང་།ཁོང་ལ“2017ལོའི་ཀྲུང་གོའི་རིག་གནས་དམིགས་བསལ་མཛད་རྗེས་མི་སྣའི”བྱ་དགའ་ཐོབ་པ་རེད།
2017ལོར། ཀྲུང་གོའི་རིག་གནས་ཐོན་ལས་ལས་རིགས་སུ《རི་སྤྱང་དཔུང་ཚོགས། ཁག་གཉིས་པ།》དང་། 《གྱེར་འདོན་མཁན།》《ཁྲུའུ་ཁྱོ་ཡི་ལོ་རྒྱུས།》སོགས་ཕུལ་དུ་བྱུང་བའི་གློག་བརྙན་དང་། དྲ་རྒྱའི་ཟློས་གར། རིག་གནས་ལེ་ཚན་སྐོར་ཅིག་བྱུང་སྟེ་གྲགས་འགུལ་མི་ཆུང་བ་བཟོས་ཤིང་།གནའ་བོའི་ཕོ་བྲང་གི་རིག་དངོས་སྲུང་སྐྱོབ་སོགས་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་གྱི་ལས་གཞིར་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱས། ཁྱད་ཆོས་ལྡན་པའི་གྲོང་བརྡལ་གྱི་འཛུགས་སྐྲུན་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་དང་འདྲ་ཞིང་། རིག་གནས་དང་ཚན་རྩལ་གཅིག་འདྲེས་ཀྱི་བརྩམས་ཆོས་དང་། རིག་གནས་དོན་ཆེན། མི་སྣ་གྲགས་ཅན་སོགས་རྒྱུན་མ་ཆད་པར་བྱུང་། དེར་བརྟེན“ཀྲུང་གོའི་རིག་གནས་ཐོན་ལས་སློབ་གླིང་གི་ལོ་བརྒལ་ཐད་གཏོང་དགོང་ཚོགས(2018)”དེ་ཟླ12པའི་ཚེས31ཉིན་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི4Kའཁྲབ་སྟོན་ཚོམས་ཆེན་དུ་ཚོགས་ཤིང་། བྱ་དགའི་རྣམ་གྲངས་རིགས་དགུ་བོ་ཡོངས་བསྒྲགས་བྱས་ཏེ། དྲ་རྒྱ་དང་། རིག་གཞུང་གསལ་འགྲེལ།ལས་རིགས་ཁེ་དྲགས་ལྡན་པའི་དགོང་ཚོགས་གཟབ་རྒྱས་ཤིག་བསྡུས་པ་རེད།
ཐེངས་འདིའི་དགོང་ཚོགས་ཀྱི་བརྗོད་དོན་ནི“དུས་རབས་གསར་བའི་རིག་གནས་ཀྱི་སྟོབས་ཤུགས”ཞེས་པ་ཡིན་ལ། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། པེ་ཅིང་སློབ་ཆེན། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན། ནན་ཅིང་སློབ་ཆེན། ཝུའུ་ཧན་སློབ་ཆེན།ནན་ཅིང་སྒྱུ་རྩལ་སློབ་གླིང་།ཧྲེན་ཀྲེན་སློབ་ཆེན་སོགས་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ16གི་རིག་གནས་ཐོན་ལས་ཞིབ་འཇུག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པ་རེད། དགོང་ཚོགས་སྟེང་ཀྲུང་གོའི་རིག་གནས་ཐོན་ལས་སློབ་གླིང་གི་ལོ་འཁོར་དཔྱད་འདེམས་བྱ་འགུལ་སྤེལ་ཞིང་། བྱ་དགའི་རྣམ་གྲངས་ལ་རིག་གནས་ཤུགས་རྐྱེན་ཆེ་བའི་གྲོང་ཆེན་དང་། རིག་གནས་མི་སྣ། རིག་གནས་ཀྱིས་ཕྱུག་པའི་གྲོང་བརྡལ། རིག་གནས་ཐོན་ལས་གླིང་ཁུལ། རིག་གནས་ཚན་རྩལ་ཐོན་རྫས་བཅས་རིགས་དགུ་ཡོད།
ཐེངས་འདིའི་ལོ་བརྒལ་ཐད་གཏོང་དགོང་ཚོགས་ཀྱིས་རེབ་གཅིག་ཏུ་རིག་གནས་པའི་སྡེ་དང་། ལས་རིགས་ཀྱི་ཆེད་མཁས་མང་པོ་གདན་དྲངས་ཏེ། བྱ་དགའི་རྣམ་གྲངས་དགུ་བོར་ཡུལ་དངོས་སུ་དཔྱད་འཇོག་བྱས་ཤིང་།2017ལོའི་རིག་གནས་ཕྱོགས་ཀྱི་དོན་དག་ཚ་ཤོས་དང་ཆེ་ཤོས་རིགས་ལ་གསལ་འགྲེལ་དང་དེ་དག་མཉམ་སྤྱོད་བྱས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་།དཔྱད་བརྗོད་པ་གྲགས་ཅན་དང་པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱའི་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་བ་ཀྲང་དབྱི་ཝའུ། ཀྲུང་དབྱང་བརྙན་འཕྲིན་ཁང་གི《མཁས་བརྒྱའི་གླེང་སྟེགས》ལེ་ཚན་གྱི་མདོ་འཛིན་པ་མེང་མན།ཐའེ་ཝན་གྱི་སྐད་གྲགས་ཆེ་བའི་ཟུར་ཟའི་རི་མོ་བ་ཚའེ་ཀྲི་ཀྲུང་།སྐད་གྲགས་ཆེ་བའི་དྲ་རྒྱའི་རྩོམ་རིག་གི་རྩོམ་པ་པོ་ཐང་ཅཱ་སན་ཧྲོ་སོགས་རིག་གནས་པའི་སྡེ་དང་ལས་རིགས་ཀྱི་སྐད་གྲགས་ཆེ་བའི་ཆེད་མཁས་མང་པོ་ཕྱོགས་གཅིག་བསྡུས་ཏེ་ཡུལ་དངོས་སུ་དཔྱད་འཇོག་བྱས།སྐད་གྲགས་ཆེ་བའི་རྩོམ་པ་པོ་དང་ཤེས་ཡོན་པ་བསྟན་འཛིན་གྱིས་ཧང་ཀྲོའུ་དང་། ཏུན་ཧོང་། ཆུས་ཧྥུ། པེ་ཅིང་ཁྲའོ་དབྱང་ཁུལ། ཐེན་ཅིན་ཧོ་ཞི་ཁུལ་སོགས་ཀྲུང་གོའི་ལོ་འཁོར་གྱི་རིག་གནས་ཤུགས་རྐྱེན་ཆེ་བའི་གྲོང་ཁྱེར་ཆེན་མོ་བཅུ་ལ་རེ་རེ་བཞིན་དཔྱད་འཇོག་བྱས།
བསྟན་འཛིན་ལ“2017ལོའི་ཀྲུང་གོའི་རིག་གནས་དམིགས་བསལ་མཛད་རྗེས་མི་སྣའི”བྱ་དགའ་ཐོབ་ཅིང་། ཁོང་གིས། པེ་ཅིང་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ཀྲུང་གོ་སྨྱན་སྦྱར་སློབ་ཆེན་སོགས་སློབ་གྲྭ་ཆེན་མོ7ནི་ཀྲུང་གོའི་རིམ་པ་ཆེས་མཐོ་བའི་སློབ་གྲྭ་ཆེན་མོ་ཡིན་ལ། སློབ་གྲྭ་ཆེན་མོ་ནི་རིག་གནས་རྒྱུན་འཛིན་དང་། འཇོན་མི་སྐྱེད་སྲིང་། བསམ་བློའི་རྒྱགས་ཕྱེ་གནང་བའི་གཤིན་ས་བཅས་ཡིན་པས།སློབ་གྲྭ་འདི་དག་གིས་གནང་བའི་བྱ་དགའ་ཐོབ་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་ཞིང་།རིག་གནས་ཐོན་ལས་ནི་གསར་དར་གྱི་མདུན་ལྗོངས་ཡངས་པའི་ཐོན་ལས་ཤིག་ཡིན་པས།རང་གིས་འདིའི་ཕྱོགས་ནུས་ཚོད་ཀྱི་རྩལ་འདོན་རྒྱུ་ཡིན་ཞེས་གསུངས།