ཁྱད་ལྡན་གྱི་བདེ་ཆེན་ཞེས་པ་ཁུན་མིང་ཨའོ་སི་ཏི་གློག་རྡུལ་ཚོང་དོན་ཐོན་ལས་ར་བ་ནང་ཞུགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  ཁྱད་ལྡན་གྱི་བདེ་ཆེན་ཞེས་པ་དེ་ཁུན་མིང་ཨའོ་སི་ཏི་གློག་རྡུལ་ཚོང་དོན་ཐོན་ལས་ར་བའི་ནང་གི་ཡུན་ནན་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཕྱོགས་བསྡུས་ཁང་ནང་ཞུགས།  བདེ་ཆེན་གྱི་མི་རིགས་ལག་རྩལ་ཐོན་རྫས་དང་།  མཐོ་སྒང་གི་ནས་ཆང་།  རི་སྐྱེས་ཤྭ་མོའི་རིགས།  མཐོ་སྒང་གི་རི་སྐྱེས་སྦྲང་རྩི།  ཀྲུང་ལུགས་སྨན་རིགས།   ནས་ཀྱི་བཟའ་ཆས་ལ་སོགས་པའི་ཁྱད་ལྡན་ཐོན་རྫས་དག་འདིར་དུས་ཡུན་རིང་པོར་འགྲེམ་སྟོན་བྱེད་པར་མངོན་དུ་གྱུར།
     ཤེས་རྟོགས་བྱུང་དོན།  2017ལོའི་ཟླ7པའི་ཚེས་21ཉིན་ནས་ཚེས་22ཉིན།   བདེ་ཆེན་ཁུལ་གྱི་ཏང་དང་སྲིད་གཞུང་གི་འཐུས་མིའི་ཚོགས་ཁ་ཡིས་ཁུན་མིང་གྲོང་ཁྱེར་དུ་རྟོག་ཞིབ་དང་སློབ་སྦྱོང་སོང་།  ཁུན་མིང་ཨའོ་སི་ཏི་གློག་རྡུལ་ཚོང་དོན་ཐོན་ལས་ར་བའི་ཡུན་ནན་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཕྱོགས་བསྡུས་ཁང་དུ་རྟོག་ཞིབ་བྱས་དུས།  ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ཡིས་ཁུལ་ཚོང་དོན་ཅུས་ཀྱིས་ཁུན་མིང་ཨའོ་སི་ཏི་གློག་རྡུལ་ཚོང་དོན་ཐོན་ལས་ར་བ་དང་འབྲེལ་མཐུད་བྱེད་པ་དང་།  བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་དུས་ཡུན་རིང་པོར་ཡུན་ནན་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཕྱོགས་བསྡུས་ཁང་དུ་འགྲེམ་སྟོན་བྱེད་དུ་བཅུག་པའི་རེ་བ་སྟོན།
     བདེ་ཆེན་གྱི་སྐད་གྲགས་ཆེ་བ་དང་ཁྱད་ཆོས་ལྡན་པ།  སྤུས་ཀ་ལེགས་པའི་ཞིང་ལས་ཐོན་རྫས་ཀྱི་གྲགས་ཚད་ཆེར་གཏོང་བ་དང་། མཐོ་སྒང་གི་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་སྐྱོད་པའི་ཆེད་དུ།  ཁུལ་ཚོང་དོན་ཅུས་ཀྱིས་བཀོད་སྒྲིག་ལྟར།   བདེ་ཆེན་སེམས་ཀྱི་ཉི་ཟླའི་ལང་ཀྲེ་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་ཁུན་མིང་ཨའོ་སི་ཏི་གློག་རྡུལ་ཚོང་དོན་ཐོན་ལས་ར་བའི་ཡུན་ནན་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཕྱོགས་བསྡུས་ཁང་དུ་འགྲེམ་སྟོན་བྱེད་པའི་འབྲེལ་ཡོད་ལས་ཀ་སྒྲུབ་འགན་འཁུར་བ་དང་།  ཐོན་རྫས་འཚོལ་སྡུད་དང་ཚོང་ཟོག་སྐྱེལ་འདྲེན།  ཐོན་རྫས་ཀྱི་འཚོལ་བཤེར་པར་རིས་བཟོ་བ།  འགྲེམ་སྟོན་ཁང་གི་ཇུས་འགོད་དང་བཀོད་སྒྲིག་སོགས་ལེགས་སྒྲུབ་བྱུང་བ་རེད།