2017ལོར་རང་ཁུལ་གྱི་མཁའ་དབུགས་སྤུས་ཀ་ལེགས་ཚད99.7ཟིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    2017ལོ་ནས་བཟུང་། ཁུལ་ཡོངས་ཀྱི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། ཆ་ཤས་ལེགས་སུ་བཏང་ཡོད་ལ། བརྟན་རླིང་ཁྲོད་འཕེལ་རྒྱས་ཀྱི་རྣམ་པ་བཟང་།
     མཁའ་རླུང་ཁོར་ཡུག་སྤུས་ཚད་ཐད། 2017ལོའི་ཟླ1པའི་ཚེས1ཉིན་ནས་ཟླ11པའི་ཚེས30ཉིན་བར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཁའ་རླུང་དཔེ་སྒྲུག་གི་ཉིན་གྲངས་ནི་326ཡིན་པ་དང་། མཁའ་རླུང་སྤུས་ཚད་རིམ་པ་དང་པོའི་(H)ཉིན་གྲངས254དང་རིམ་པ་གཉིས་པའི་(བཟང་བ)ཉིན་གྲངས་71    རིམ་པ་གསུམ་པའི་(འབག་བཙོག་གི་ཚད་ཅུང་དམའ་བ)ཉིན་གྲངས་1བཅས་ཡིན་པ་དང་། མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཡིན་པ་རེད།
     ཆུའི་ཁོར་ཡུག་སྤུས་ཚད་ཐད། འབྲེལ་ཡོད་བླང་བྱ་ལྟར་རྒྱལ་ནང་ཁོངས་གྱི་ས་ངོས་ཆུ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ་2དང་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ས་མཚམས་ལས་བརྒལ་བའི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ་3  ཞིང་ཆེན་ལྔ་ཚོད་འཛིན་བྱེད་པའི་ཆད་ངོས། ཁུལ་ནང་ཁུལ་གྱི་དམིགས་བསལ་ཅན་གྱི་བཅད་ངོས་3    རྫོང་གསུམ་དང་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོ8ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ལྟ་ཞིབ་ཚད་ལེན་བྱས་པའི་འབྲས་བུའི་ཐོག་ནས་མངོན་གསལ།  རང་ཁུལ་གྱི་རྒྱལ་ཁབ་ཀྱིས་ཚོད་འཛིན་དང་ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་ས་ངོས་ཀྱི་ཆུ་10པོ་1-11རིམ་པའི་ཆུ་སྤུས་བཅད་ཁའི་བསྡུར་གྲངས་ནི་100%ཡིན་པ་དང་ཁུལ་ནང་ཁོངས་ཀྱི་འཐུང་ཆུའི་ཆུ་འགོ8གྱི་སྤུས་ཚད་དེ་87.5%སླེབས་ཡོད་པ་རེད།
     ས་རྒྱུའི་ཁོར་ཡུག་གནས་ཚུལ་གྱི་ཐད་དུ། རང་ཁུལ་གྱིས་ཡུན་ནན་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་དང་མཐུན་སྦྱོར་བྱས་ནས། རང་ཁུལ་གྱི་འཆར་ཅན་ལྟ་ཞིབ་ཚད་ལེན་ས་ཚིགས་8ཀྱི་མ་དཔེ་འཚོལ་བསྡུ་ལེགས་འགྲུབ་བྱུང་བ་དང་།     ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་དབང་ས་ཁོངས་དང་ཞིང་ལས་སོགས་སྡེ་ཁག་གིས་ལག་རྩལ་སྟོབས་ཤུགས་རྩ་འཛུགས་བྱས་ནས།  རྫོང་དང་གྲོང་ཁྱེར་དུ་ཞིང་སྤྱོད་ས་ཆར་སྦགས་བཙོག་ཕོག་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་བ་རེད།
 ཁོར་ཡུག་ཉམས་ཉེན་ཐད་དུ། ཁུལ་ཡོངས་སུ་ཉེན་ཆེའི་ཟོག་རོ་སྤོ་འདྲེན་དང་འབྲེལ་བ་ཡོད་པའི་ལས་ཁུངས་ཁྱོན་བསྡོམས་85ཡོད་པ་དང་། ལོ་འདིའི་ནང་དུ་ཉེན་ཆེའི་ཟོག་རོ་སྤོ་འགུལ་བྱས་པའི་ལས་ཁུངས་25ཡོད་པ། ཉེན་ཆེའི་ཟོག་རོས་ཁོར་ཡུག་གི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་པ་རེད།  ཉེན་ཆེའི་ཟོག་རོ་རྒྱལ་མཚམས་སྒྲོལ་བའི་ཆུའི་ནང་བཞུར་བའི་གྱོད་དོན་དང་རྫས་འགྱུར་དངོས་རྫས་ཕྱིར་གྱར་བའི་དོན་རྐྱེན་མིག་སྔར་བར་གཅིག་ཀྱང་བྱུང་མེད་པ་རེད།