ནགས་ཕག་མཚོའི་མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ1པའི་ཚེས་པ་13ཉིན་གྱི་ཕྱི་དྲོ། ལྕགས་རྟ་བཞོན་རྒྱུར་སྤྲོ་བ་ལྡན་པའི་མི་གྲངས་བརྒྱ་ལྷག་ས་མཐོའི་བདེ་ཆེན་ལ་འཛོམས་ཏེ། སྐབས་གསུམ་པའི་སེམས་གྱི་ཉི་ཟླའི་རྒྱལ་ཐང་ཁྱད་ལྡན་གྲོང་རྡལ་ཆུང་བའི་མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་ལ་ཞུགས་པ་རེད།



    ཐེངས་འདིའི་འགྲན་བསྡུར་གྱི་ལ་ཐིག་ནི་རྒྱལ་ལམ་214དང་མཚོ་སྐོར་ལམ་གཉིས་ཀྱི་སྦྲེལ་མཚམས་ཀྱི་ལམ་ཁ་ནས་ཤྭ་ཁ་རི་བོའི་ལམ་མདོའི་བར་ཡིན་ལ། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་20ཡོད་པ་རེད། འགྲན་བསྡུར་དེ་སྐྱེས་པ་དང་བུད་མེད་དེ་ཚོ་ཆུང་གཉིས་སུ་བགོས་ཡོད་ལ། འགྲན་བསྡུར་གྱི་ཚོ་ཆུང་རེའི་ཨང་རིམ་བཅུའི་ནང་ཚུད་པའི་འགྲན་ཞུགས་པར་རིན་གོང་མི་འདྲ་བའི་ལྕགས་རྟ་རེའི་བྱ་དགའ་ཡོད་པ་རེད། 


       སྐྱེས་པའི་ཚོ་ཆུང་གི་འགྲན་བསྡུར་ཁྲོད་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་ཧོ་ཞའོ་ཧྭ་ཐོག་དང་བོ་ཐིག་ལས་བརྒལ་ཐུབ་ཅིང་། ཁོས་“ང་དུས་རྒྱུན་ལུས་རྩལ་སྦྱོང་བརྡར་བྱེད་པར་ཧ་ཅང་དགའ་བོ་ཡོད། ན་ནངས་ལྕགས་རྟའི་འགྲན་བསྡུར་གཉིས་ལ་ཞུགས་མྱོང་། འགྲན་བསྡུར་དེ་གཉིས་ཀྱི་ཉམས་མྱོང་གིས་དེ་རིང་ཨང་དང་བོ་ཐོབ་པར་ཕན་པ་ཆེན་པོ་ཐོབ་པས། ངའི་སེམས་ནས་དགའ་བ་ཆེན་པོ་སྐྱེས་ཡོད་ལ། མ་འོངས་པ་འགྲན་བསྡུར་གང་མང་ལ་ཞུགས་ཐུབ་པར་རེ་བ་ཆེན་པོ་བཅང་ཡོད། ”ཅེས་བཤད། 


      སྐྱེས་པའི་ཚོ་ཆུང་གི་ཨང་གཉིས་པ་ཐོབ་མཁན་ནི་ཨ་རི་ནས་ཡོང་བའི་ཝང་ཨན་ལི་ཡིན་ལ། ཁོ་ཐེངས་འདིའི་རང་ཉིད་ཀྱི་བྱ་དགའི་ཨང་རིམ་འདིར་ཧ་ཅང་ཡིད་ཚིམ་ཡོད་དེ།  ཁོས་“དེ་རིང་ངའི་བུ་ཚ་ཁྲིད་ནས་འགྲན་བསྡུར་ལ་ཞུགས་པ་ཡིན་ལ། ཨང་གཉིས་པའི་བྱ་དགའ་བཟང་བོ་ཐོར་པར་དགའ་བ་ཆེན་པོ་སྐྱེས་ཡོད། དེ་མིན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་འདིའི་བྱེད་སྒོ་བཀོད་སྒྲིག་བྱེད་སྟངས་སོགས་ཕྱོགས་གང་ཐད་ནས་ཧ་ཅང་ཡག་པོ་རེད། ནགས་ཕག་མཚོའི་མཚོ་སྐོར་ལམ་བར་ན་མཚོ་དང་གངས་རི། དེ་མིན་གཡའ་དྭགས་པའི་ནམ་མཁའ་སོགས་ཀྱི་མཛེས་ལྗོངས་ཡོད་ཀི  ས་ཆ་འདིའི་ཡུལ་ལྗོངས་ངོ་མ་ཡག་གི་”ཞེས་བཤད།


     སེམས་ཀྱི་ཉི་ཟླའི་སློབ་འབྲིང་དང་བོའི་དབྱིན་ཡིག་དགེ་རྒན་ཝང་ཞི་ལ་བུད་མེད་ཚོ་ཆུང་གི་བྱ་དགའ་ཨང་དང་བོ་ཐོབ་ཅིང་། མོས་“ང་ད་ལོ་ལོ་45ཡིན། དེ་རིང་གི་ཨང་དང་བོའི་བྱ་དགའ་བཟང་བོ་འདི་ཐོབ་པ་གཙོ་བོ་དུས་རྒྱུན་རང་ཉིད་ཀྱི་ལུས་རྩལ་སྦྱོང་བརྡར་དང་འབྲེལ་བ་དམ་བོ་ཡོད། ངའི་རྒད་པོ་དང་ངེད་གཉིས་ལུས་ཕོང་སྦྱོང་བརྡར་ལ་ཧ་ཅང་དགའ་བོ་ཡོད།  དེ་ན་འདི་ལྟ་བུའི་ལུས་རྩལ་སྦྱོབ་བརྡར་གྱི་བདེ་ཐང་བྱེད་སྒོ་བརྒྱུད་ནས་ནད་གཞི་མེད་ལ་ལུས་སྟོབས་རྒྱས་ཐུབ་པའི་རེ་བ་ཡིན་”ཞེས་བཤད།