རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-16   རྩོམ་ཁུངས།    མི་དམངས་དྲ་བ།
མི་དམངས་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་དུ་སོ་ནམ་ལོ་གསར་ཤར་ལ་ཉེ་བའི་ཉིན་འདི་དག་གི་རིང་། གཞིས་རྩེ་གྲོང་ཁྱེར་བཀྲ་བདེ་ལྷོ་ལམ་གྱི་ལོ་གསར་མཁོ་ཆས་ཚོང་རར་མི་ཚོགས་ཀྱིས་འདུས་ཤིང་། གང་སར་ལོ་གསར་གྱི་མཁོ་ཆས་ཉོ་མཁན་གྱིས་ཁེངས་ཏེ། ཚང་མའི་གདོང་ནས་དགའ་སྤྲོའི་མཛུམ་མདངས་བཞད་བཞིན་ཡོད་པ་རེད།
ཚོང་སྒྲོམ་སྟེང་གི་ཚོན་མདངས་རྣམ་པར་བཀྲ་བའི་ཁ་ཟས་དག་བྲོ་བ་ཞིམ་མདོག་ཁ་བས། འཛད་སྤྱོད་པའི་མིག་དབང་འཕྲོག་བཞིན་ཡོད། བྱི་རིལ་དང་ཤིང་ཏོག་སྐམ་པོ་སོགས་སྣ་ཚོགས་གང་དགོས་ཚང་མ་ཡོད་པ་རེད།
ས་གནས་ཁག་ནས་ཡོང་བའི་ཚོང་པས་སྐད་གསང་ཆེན་པོས་རང་གི་ཚོང་སྒྲེམ་ཐོག་ཚོང་ཟོག་འགྲེམས་བཞིན་དུ་ཉོ་མཁན་འགུག་འབོད་བྱེད་པས། ཕྱོགས་བཞི་མཚམས་བརྒྱད་དུ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
ན་ནིང་དང་བསྡུར་ན། བཟོ་གྲྭ་ཁག་གིས་ཀྱང་ཐོན་རྗས་གསར་གཏོད་ཐད་འགྱུར་ལྡོག་དང་ལེགས་བཅོས་ཆེན་པོ་བྱས་ཡོད་པ་རེད།
ཨ་ཤེ་ཡ་ལྷོ་མའི་བགྲོད་ལམ་གྱི་ཟམ་ཁའི་གྲོང་ཁྱེར་དུ་གྱུར་པའི་གཞིས་རྩེ་གྲོང་ཁྱེར་གྱི་ལོ་གསར་མཁོ་ཆས་ཁྲོམ་ར་རང་བཞིན་དུ་རྒྱལ་སྤྱིའི་ཉམས་ཤིག་ཡོད་དེ། ནེ་པ་ལ་སོགས་རྒྱལ་ཁབ་ནས་འཁྱེར་ཡོང་བའི་ཤིང་ཆས་དང་དངུལ་ཆས་ཀྱིས་མིག་དབང་འཕྲོག་ནས་ཉོ་འདོད་ཀྱི་སེམས་པ་ངང་གྱིས་འཕེལ་བར་བྱེད།
གྲོང་མི་ཉི་མ་དབང་འདུས་ཀྱིས། "བྱིས་པ་ཁྲིད་ནས་ཚོང་རའི་རྣམ་པར་ལྟ་བར་ཡོང་བ་ཡིན། ད་ཆ་ལོ་གསར་གྱི་མཁོ་ཆས་དུས་རྒྱུན་ནས་ཉོ་ཐུབ་ཀྱི་རེད"ཅེས་གསུངས་པ་འདི་ཡང་མི་མང་པོའི་ལྟ་ཚུལ་ཡིན་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་གཞིས་རྩེ་གྲོང་ཁྱེར་གྱི་ལོ་གསར་མཁོ་ཆས་ཀྱི་བྲིན་འཚོང་ལ་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་གྱོན་ཆས། ཚོང་ཟོག་རྩག་རྩིག ཀ་ར། ཤིང་ཏོག་སྐམ་པོ་སོགས་སུ་དབྱེ་བ་ཕྱེ་ནས་ཁྲོམ་བཀྱག་500ལྷག་ཡོད་པ་རེད། དེར་བསམ་གྲུབ་རྩེ་ཁུལ་གྱི་གྲོང་ཁྱེར་དོ་དམ་པས་ཉིན་གང་ཚོང་རའི་སྒྲིག་ལམ་སྲུང་བཞིན་ཡོད་པ་རེད།