རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཁུལ་དཔལ་ཡོན་གཞུང་ལས་ཁང་གིས་མཆོང་བརྒལ་འཕེལ་རྒྱས་དང་གྲུབ་འབྲས་ལེགས་ཤོས་བསྐྲུན་པར་བརྩོན་པ།བསྡུར་སློབ་བསྙེགས་བརྒལ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་གྱི་སྙིང་སྟོབས་ལྡན་པའི་དཔེ་དམག་དཔྱད་འདེམས་བྱེད་སྒོ་བསྡུས་རྒྱུ་རེད།
ཐེངས་འདིའི་བྱེད་སྒོས་ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་སྒྱུར་བཅོས་དར་འཕེལ་གྱི་འཐབ་ཕྱོགས་དང་པོ་དང་། འཆམ་མཐུན་བརྟན་རླིང་སྲུང་སྐྱོང་བྱེད་པའི་ཆེས་མདུན་ས། མང་ཚོགས་ལ་ཞབས་ཞུ་བྱེད་པའི་གཞི་རིམ་ས་ཚུགས་ལ་སོགས་པའི་མངའ་ཁུལ་དུ་ཡོང་བའི་ མཆོང་བརྒལ་འཕེལ་རྒྱས་དང་གྲུབ་འབྲས་ལེགས་ཤོས་བསྐྲུན་པར་བརྩོན་པ། བསྡུར་སློབ་བསྙེགས་བརྒལ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་གྱི་སྙིང་སྟོབས་ལྡན་པའི་་སྔོན་ཐོན་དཔེར་མཚོན་ཟབ་ཏུ་སྔོག་འདོན་དང་ངོ་སྤྲོད་བྱེད་དགོས་པའི་རེ་བ་འདོན།
སྙིང་སྟོབས་དཔེ་དམག་དཔྱད་འདེམས་དང་ངོ་སྤྲོད་བྱེད་པའི་དུས་ཚོད་ནི་2018ལོའི་ཟླ་1པོ་ནས་ཟླ་11པ་ཡིན།