ཞིང་ཆེན་སྲིད་གཞུང་ལྟ་ཞིབ་ཚོ་ཆུང་གིས་རང་ཁུལ་གྱིས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་ལ་འགན་སྲུང་བྱེད་པའི་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཞིང་ཆེན་ལྟ་ཞིབ་ཚོ་ཆུང་བརྒྱད་པས་རང་ཁུལ་དུ་2018ལོའི་དཔྱིད་གསར་དུས་ཆེན་སྔོན་གྱི་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་ལ་འགན་སྲུང་བྱེད་པའི་ལས་ཀར་ཆེད་དོན་ལྟ་ཞིབ་བྱས་པ་རེད།

    རྒྱུས་ལོན་ལྟར་ན།རང་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་སྲིད་གཞུང་མངའ་ཁོངས་ཀྱི་འགན་འཁྲི་ནན་གྱིས་བསྒྲུབས་པ་དང་།བྱ་ཐབས་ནུས་ལྡན་སྤྱད་ནས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་སྲུང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ལེགས་པོ་སྒྲུབ་པ་ལ།གཞུང་ལམ་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་པའི་གནས་ཚུལ་འོགགླ་ཕོགས་འདེད་པ་ལས་བྱུང་བའི་མི་ཚོགས་རང་བཞིན་གྱི་དོན་རྐྱེན་དང་མི་སྒེར་གྱི་ཐལ་སྤྱོད་དོན་རྐྱེན་གཅིག་ཀྱང་བྱུང་མེད་པ་རེད།2017ལོར་གླ་རྒྱག་ཞིང་པ་2579ལ་ཁྱོན་གླ་ཕོགས་སྒོར་ཁྲི་3569བླངས་ནས་བྱིན་པ་དང་། གླ་ཆ་འགྱངས་ཆད་ཀྱི་མི་གྲངས་དང་། 2016 ལོར་གླ་ཆ་འགྱངས་ཆད་དངུལ་གྲངས་གཉིས་ཀ་མར་ཆག་ཡོད་པ་རེད།